省委第三巡視組進駐玉樹州巡視公告

巡視公告

根據省委統一部署,省委第三巡視組於2018年4月24日至2018年8月24日進駐玉樹州進行巡視。

  巡視組將依據《中國共產黨巡視工作條例》規定和省委要求,圍繞黨的政治建設、思想建設、組織建設、作風建設、紀律建設和反腐敗鬥爭,堅定不移深化政治巡視,主要對被巡視單位黨組織領導班子及其成員特別是主要負責人執行《中國共產黨黨章》和其他黨內法規,遵守黨的紀律,落實全面從嚴治黨主體責任和監督責任等情況進行監督,重點了解違反政治紀律和政治規矩,以及落實意識形態工作責任制不到位等情況;違反廉潔紀律、組織紀律、群眾紀律、工作紀律、生活紀律,落實中央八項規定及實施細則精神和省委省政府若干措施不力,搞形式主義、官僚主義、享樂主義和奢靡之風等情況。

  根據巡視工作職責,巡視組主要受理反映被巡視地區(單位)領導班子及其成員和下一級領導班子主要負責人涉及上述方面問題的信訪舉報。對有關個人訴求、徵地拆遷、涉法涉訴等不屬於巡視受理範圍的問題,巡視組不予受理。

  巡視期間,巡視組辦公點設在州委接待中心四樓,如需反映領導班子及其成員和下一級領導班子主要負責人上述方面情況的,可在工作日的9:00—18:00撥打電話0976-8814387、0976-8814405;或通過電子郵箱發送至[email protected];或投入設在玉樹州委的聯繫箱內。

  特此公告。

省委第三巡視組

2018年4月24日

སྐོར་ཞིབ་སྤྱི་བསྒྲགས།

ཞིང་ཨུའི་གཅིག་འགྱུར་བཀོད་སྒྲིག་ལྟར། ཞིང་ཨུའི་སྐོར་ཞིབ་ཚན་ཁག་གསུམ་པ་དེ་༢༠༡༨ལོའི་ཟླ་༤པའི་ཚེས་༢༤ཉིན་ནས་༢༠༡༨ལོའི་ཟླ་༨པའི་ཚེས་༢༤བར་དུ་ཡུལ་ཤུལ་ལ་བཅའ་སྡོད་བྱས་ནས་སྐོར་བཞི་བྱེད་རྒྱུ་ཡིན།

  སྐོར་ཞིབ་ཚན་ཁག་གིས༼ཀྲུང་གོ་གུང་ཁྲན་ཏང་གི་སྐོར་ཞིབ་བྱ་བའི་སྲོལ་ཡིག༽གི་གཏན་འབེབས་དང་ཞིང་ཨུའི་བླང་བྱ་ལྟར། ཏང་གི་ཆབ་སྲིད་དང་བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་ཀྱི་འཛུགས་སྐྲུན་དང་རུལ་སུངས་འཐབ་རྒོལ་དེ་ལ་གཞིགས་ནས། བློ་བརྟན་འགྱུར་མེད་ཀྱིས་ཆབ་སྲིད་ཐད་སྐོར་ཞིབ་ནན་མོ་བྱ་དགོས། གཙོ་བོ་ནི་སྐོར་ཞིབ་བྱ་ཡུལ་སྡེ་ཁག་གི་ཏང་ཙུའུ་འགོ་ཁྲིད་ཚན་ཁག་དང་དེའི་འཛུགས་གྲུབ་མི་སྣ་དེ་ཡིན། ལྷག་པར་དུ་འགན་སྒྲུབ་མི་སྣ་གཙོ་བོའི་༼ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག༽དང་གཞན་མིན་ཏང་ནང་གི་ཁྲིམས་ལུགས་ལག་བསྟར་བྱས་ཚུལ་དང་། ཏང་གི་སྒྲིལ་ཁྲིམས་ལ་བརྩི་སྲུང་། ཏང་གཤིས་ནན་སྐྱོང་གི་གཙོ་འགན་དང་ལྟ་སྐུལ་བྱེད་པའི་འགན་འཁྲི་བཅས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་བྱ་དགོས་པ་དང་། གཙོ་བོ་ཆབ་སྲིད་སྒྲིག་ཁྲིམས་དང་སྒྲིག་ལམ་དང་། ད་རུང་དོན་དངོས་ཐོག་ནས་ལས་དོན་འགན་འཁྲིའི་ལམ་ལུགས་ནན་གྱིས་ལག་བསྟར་མི་བྱེད་པའི་གནས་ཚུལ་སོགས་ལ་ཤེས་རྟོགས་བྱ་རྒྱུ། སྲིད་གཙང་དང་རྩ་འཛུགས། མང་ཚོགས། ལས་དོན། འཚོ་བ་བཅས་ཀྱི་སྒྲིག་ཁྲིམས་དང་འགལ་ཞིང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་ཕྲའི་དགོངས་དོན། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱེད་ཐབས་འགའ་ལག་བསྟར་ནན་མོ་མིན་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས། སྐྱིད་འདོད་རིང་ལུགས། རྒྱས་སྤྲོས་སྲོལ་ངན་སྒྲུབ་པ་བཅས་ཀྱི་གནས་ཚུལ་ལ་སྐོར་སྐྱོད་ལྟ་ཞིབ་བྱ་དགོས།

  སྐོར་བཞི་ལས་དོན་གྱི་འགན་འཁྲི་ལྟར། སྐོར་ཞིབ་ཚན་ཁག་གིས་གཙོ་བོ་སྐོར་སྐྱོད་ལྟ་ཞིབ་བྱ་ཡུལ་ས་ཁུལ་གྱི་༼སྡེ་ཁག༽འགོ་ཁྲིད་ཚན་ཁག་དང་དེའི་འཛུགས་གྲུབ་མི་སྣ་དང་རིམ་པ་འོག་མའི་འགོ་ཁྲིད་ཚན་ཁག་གི་འགན་འཁྲི་མི་སྣ་བཅས་ལ་འབྲེལ་བའི་གོང་གསལ་གྱི་གནས་ཚུལ་ལ་ཡིག་སྐུར་ངོ་གཏུག་ཐད་ཞུ་བྱས་པར་ལྟ་ཞིབ་བྱ་རྒྱུ། མི་སྒེར་གྱི་རེ་ཞུ་དང་ས་རུག་བཤིག་སྤོ་བྱས་པ། ཁྲིམས་བཤེར་འབྲེལ་བའི་གནད་དོན་བཅས་ སྐོར་ཞིབ་བྱ་ཡུལ་ནང་ལ་མ་འདུས་པའི་གནས་ཚུལ་དག་ལ་སྐོར་ཞིབ་ཚན་ཁག་གིས་ལྟ་ཞིབ་བྱེད་རྒྱུ་མིན།

  སྐོར་སྐྱོད་ལྟ་བཞི་བྱེད་སྐབས། སྐོར་ཞིབ་ཚན་ཁག་གི་གཞུང་ལས་ཁང་དེ་ཁུལ་ཨུའི་སྣེ་ལེན་ཁང་གི་ཁང་བརྩེགས་བཞི་པའི་ཐོག་ལ་འཛུགས་ཡོད། གལ་སྲིད་འགོ་ཁྲིད་ཚན་ཁག་དང་དེའི་འཛུགས་གྲུབ་མི་སྣ་དང་རིམ་པ་འོག་མའི་འགོ་ཁྲིད་ཚན་ཁག་གི་འགན་འཁྲི་མི་སྣ་དག་ལ་གོང་གསལ་གྱི་གནས་ཚུལ་ཐད་ནས་ཡར་ཞུ་བྱེད་རྒྱུ་ཡོད་ན་ལས་སྒྲུབ་ཉིན་གྱི་9;00---18;00བར་ལ་ཁ་པར་0976----8814387 0976----8814405རྒྱག་ཆོག་པ་དང་ཡང་ན་གློག་རྡུལ་ཡིག་སྒམ་ཐོག་ནས་སྐྱེལ་བ་དང་། ༼[email protected]༽ ཡང་ན་ཡུལ་ཤུལ་ཁུལ་ཨུའི་འབྲེལ་གཏུག་སྒམ་ནང་ལ་ཕོངས་ནའང་ཆོག

  ཆེད་དུ་སྤྱི་བསྒྲགས།

ཞིང་ཨུ་སྐོར་ཞིབ་ཚན་ཁག་གསུམ་པ།

  ༢༠༡༨ལོའི་ཟླ་༤པའི་ཚེས་༢༤ཉིན།


分享到:


相關文章: