呼吸道疾病的預防訣竅

དབྱར་དཔྱིད་ཀྱི་མིད་པའི་རིམས་ནད་སྔོན་འགོག་བྱ་ཐབས།

春夏呼吸道疾病的預防訣竅


  དགུན་ཚར་ཏེ་དཔྱིད་ཐོན་ནས་གྲང་བའི་ཚབ་ཏུ་དྲོད་སླེབས་པའི་དུས་ནི། མིག་སྔར་ནས་བཟུང་མིད་པའི་འགོས་ནད་ཕོག་སླ་བའི་དུས་ཚིགས་ཤིག་ཡིན། སྐབས་དེའི་གློ་ལུ་བ་དང་ཆམ་པ་དེ་བཞིན་གློ་ཡུའི་ཡན་ལག་གི་དབུགས་ཧར་འཚང་དང་། གློ་ཡུའི་ཡན་ལག་གཉན་ཚད། གློ་ཚད། གློ་བའི་འདུས་འདྲིལ་སོགས་མིད་པའི་འགོས་ནད་ཕོག་པའི་ནད་པ་དུས་རྒྱུན་དང་བསྡུར་ན་མང་དུ་ཕྱིན་ཡོད། དུས་སྐབས་འདིར་མི་རྣམས་ཀྱིས་ཆུ་ཁོལ་མང་ཙམ་འཐུང་རྒྱུ་དང་། རང་ཉིད་ཀྱི་འཕྲོད་བསྟེན་ལ་དོ་སྣང་བྱ་རྒྱུ། གནམ་གཤིས་ཀྱི་འགྱུར་བར་གཞིགས་ནས་དུས་ཐོག་ཏུ་གྱོན་ཆས་སྣོན་འཕྲི་བྱ་རྒྱུ་བཅས་ནི་མིད་པའི་ནད་རིགས་སྔོན་འགོག་བྱ་བའི་ཐབས་ཤེས་ཡག་ཤོས་ཤིག་ཡིན་ཞེས་དམིགས་སུ་བཀར་ནས་དྲན་སྐུལ་བྱས་པ་རེད།


  冬去春來咋暖還寒,歷來是呼吸道感染疾病的易發時節。在這時期咳嗽、感冒以及支氣管哮喘、支氣管炎、肺炎、肺結核等呼吸道感染疾病的患者比平時增多。在這時期特別提醒大家,多飲水,注意個人衛生,根據天氣變化及時增減衣物,是預防呼吸道疾病的最好方法。


呼吸道疾病的預防訣竅

  དཔྱིད་ཀ་དང་དབྱར་དུས་སུ་གནམ་གཤིས་འགྱུར་ལྡོག་ཅུང་མགྱོགས་པས། འབུ་ཕྲ་དང་ནད་དུག་འབྱུང་སླ་ཞིང་། མིད་པའི་ནད་འབུ་མི་ལུས་ལ་བཙན་འཛུལ་བྱེད་པར་ཐོག་མར་བརྒྱུད་དགོས་པའི་འགག་སྒོ་དང་པོ་ནི་སྣའི་འབྱར་སྐྱི་ཡིན། དེའི་ཕྱིར་ཆུ་ཁོལ་མང་དུ་འཐུང་ན་སྣའི་འབྱར་སྐྱི་བརླན་པར་འགྱུར་བས་འབུ་ཕྲ་དང་ནད་དུག་གི་བཙན་འཛུལ་འགོག་ཐུབ། དུས་མཚུངས་སུ་དུས་ཚིགས་འདིར་དུ་བ་མི་འཐེན་པ་དང་ཆང་མི་འཐུང་བ། ཁ་ཚ་མི་ཟ་བ་བཅས་བྱ་ཐུབ་དགོས་ལ། མིད་པར་ཟུག་གཟེར་སློང་ཚད་ཇེ་ཉུང་དུ་བཏང་སྟེ། རང་བྱུང་རིམས་ཐར་བྱེད་པའི་སྲུང་སྐྱོབ་ནུས་པའང་ཐོན་ཐུབ་པ་བྱ་དགོས།


  春夏季節天氣變化較快,容易滋生細菌、病毒,而呼吸道病菌入侵人體,首先要通過的第一道關就是鼻粘膜,所以多喝水,讓鼻粘膜保持溼潤,就能有效抵禦細菌及病毒的入侵,同時在這個季節做到不吸菸、不喝酒、不食辛辣食物,也能減少對呼吸道的刺激,達到保護自然免疫功能的作用。


呼吸道疾病的預防訣竅


  མི་སྒེར་གྱི་འགོག་སྲུང་ལ་དོ་སྣང་བྱས་ཏེ། འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་ཆགས་པར་བྱ་རྒྱུ་ནི་དབྱར་དཔྱིད་ཀྱི་འགོས་ནད་སྔོན་འགོག་བྱེད་པའི་གནད་འགག་ཀྱང་ཡིན་པས། ཚང་མས་ངེས་པར་དུ་ལག་པ་བཀྲུ་བའི་གོམས་གཤིས་ཆགས་པར་བྱ་དགོས་པ་དང་། དུས་མཚུངས་སུ་གོན་པ་དང་ཉལ་ཆས་ཡང་ཡང་བརྗེ་བ་དང་ཉི་མར་སྐམ་དགོས། དུས་རྒྱུན་དུ་གཞུང་དོན་སྒྲུབ་ས་དང་ཁྱིམ་ནང་གི་མཁའ་རླུང་འགྲོ་རྒྱུག་རྒྱུན་འཁྱོངས་བྱེད་དགོས་ལ། གཙང་མ་མིན་པའི་ཟས་རིགས་མི་ཟ་བ་དང་། མཚོ་ཟས་དང་ཤ་རིགས་མི་ཟ་བ། ཆུ་གསོན་མི་འཐུང་བ་བཅས་བྱ་དགོས། མིད་པའི་འགོས་ནད་ཁྱབ་ཆེ་བའི་དུས་ཚིགས་འདིར། རྒན་པོ་དང་བྱིས་པ། ལུས་སྟོབས་ཞན་པའི་མི་རྣམས་ནི་མི་མང་འདུ་འཛོམ་བྱེད་སར་ཉུང་ཙམ་འགྲོ་དགོས།


  注意個人防護,養成良好的衛生習慣,也是預防春夏傳染病的關鍵,大家一定要養成勤洗手的習慣,同時勤換、勤曬衣服被褥,要經常保持辦公地點及家中室內空氣流通,不吃不清潔的食物,拒絕生吃各種海產品及肉食,不喝生水。在呼吸道傳染病流行的季節,老人、兒童,體質虛弱等易感人群應儘量少去公共場所。


呼吸道疾病的預防訣竅

  ལུས་པོའི་དྲོད་ཚད་ལ་དོ་སྣང་བྱ་དགོས་ཤིང་། དྲོད་ཚད་ཀྱི་འགྱུར་ལྡོག་དང་བསྟུན་ནས་ལྭ་བ་སྣོན་འཕྲི་བྱ་བ་ལས་ཉུང་དུ་གཏན་ནས་གཏོང་མི་རུང་། དེ་མིན་བཟའ་བཏུང་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། ཤ་གནག་དང་སྒོ་ང་། སྔོ་ཚལ། སིལ་ཏོག་སོགས་སྤྲི་དཀར་སྤུས་ལེགས་དང་འཚོ་རྒྱུ་མང་བའི་ཟས་རིགས་མང་དུ་ཟོས་ཏེ། འཚོ་བའི་ཆོས་ཉིད་རྒྱུན་སྲུང་དང་གཉིད་འདང་དུ་བཅུག་ན། ནད་དུག་དང་ཕྲ་སྲིན་འགོག་པའི་ནུས་པ་མཐོར་འདེགས་གཏོང་ཐུབ།


  要注意保暖,隨著氣溫變化即使增減衣服,切不可一下減的太多。另外,合理安排飲食,多吃瘦肉、蛋及蔬菜、水果等富含優質蛋白、高維生素的食物,保持生活規律,保持充足睡眠,可增強抵抗病毒和細菌的能力。


分享到:


相關文章: