༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།

༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།

ན་གཞོན་རང་འདུན་པ་

——འཛུམ་དཔལ།

༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།

༄༅༎བྱང་འབྲོག་རྫ་ཆུ་ཁ་བ།

༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།༼ གཞོན་ནུའི་གདངས། ༽ ——རྫ་ཆུ་ཁའི་ཡུལ་སྲོལ་རིག་གནས།

བྱང་སྡེ་ཉི་མ་རྫ་ཆུ་ཁ་ནི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་མཐའ་མཚམས་བོད་རང་སྐྱོང་ལྗོངས་དང་། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་དང་ས་མཚམས་འབྲེལ་བའི་སེར་ཤུལ་རྫོང་གི་མངའ་ཁོངས་ཀྱི་མཚོ་ངོས་ལས་མཐོ་ཚད་ཆ་སྙོམས་4200ཡན་ལ་བརྒལ་བའི་དལ་འབབ་རྫ་ཆུ་རིང་མོའི་འགོ་ཁུངས་དང་འགྲམ་རྒྱུད་དུ་གཞིས་ཆགས་པའི་འབྲོག་སྡེ་ཆེན་པོ་ཞིག་སྟེ་མི་རྒྱུད་ཆད་ཁོངས་ཨ་མདོ་དང་སོག་པོ་ལ་ཐུག་ཅིང་ཡུལ་སྲོལ་གོམས་གཤིས་དང་ས་བབ་ཁོར་ཡུག་ཁམས་པར་གཏོགས་པ། བྱང་སྡེ་ཉི་མ་རྫ་ཆུ་ཁ། འབྲོག་སྡེ་ཉི་ཤུ་རྩ་ལྔ། ཞེས་སོགས་ཀྱི་ཆེ་བསྟོད་སྙན་པའི་བ་དན་ལྷབ་ལྷུབ་ཏུ་སྐྱོད་ཅིང་། མངའ་བདག་སྡེ་དགེ་རྒྱལ་པོའི་མངའ་འབངས་སྟེ་བྱང་གི་འབྲོག་སྡེ་བཅོ་བརྒྱད་ཅེས་པའི་ལོ་རྒྱུས་ཀྱི་བདེན་པའང་བརྗིད་ཅིང་བརྟན་པ་སྟེ། སེར་ཤུལ་སྡེ་པ། ཁྲོམ་རྫ་གོང་མ། ཨ་རིག་རྫ། ཝ་ཤུལ། འབར་ཆུང་། འཇུ་པ། ཁྲོ་ཤུལ་གོང་མ། ཁྲོ་ཤུལ་འགབ་མ། ཇོ་བོ། ཐར་ཤུལ། དགེ་འགབ། དགེ་མང་། དགེ་གོང་། ཀ་བཞི། བ་རོད། ཨོ་རོད། མང་དགེ། འབུམ་གསར། འབུམ་རྙིང་། པཱ་ཐུར། ཆེ་ཝོ། ཕྱག་ཚ་དང་། འཇུ་ཉུང་། ཚ་རྒྱབ་སོགས་སྲིད་ཀྱི་དབུ་འཕང་མཐོ་ཞིང་ཆོས་ཀྱི་བསྟན་པ་དར་བའི་སྡེ་དགོན་མང་པོ་ཞིག་ལོ་རྒྱུས་ཀྱི་བརྗིད་ཉམས་དང་དཔའ་མཛངས་ཀྱི་མངའ་ཐང་ཁྲོད་ན་ཀྲོང་ངེར་འགྲེང་ཡོད་ལ། ཡུལ་གྲུ་འདི་ཡི་མཛེས་པའི་སྤང་ཐང་ཁོད་ཡངས་ཤིང་རྒྱ་ཆེ་བས་ས་མཐོའི་མེ་ཏོག་ཨུཏྤལ་དམར་པོ་དང་ཨུཏྤལ་སེར་པོ། ཨུཏྤལ་དཀར་པོ། མེ་ཏོག་ལུག་མིག མེ་ཏོག་ཨུག་ཆོས། སྤང་རྒྱན་དཀར་པོ་དང་ནག་པོ། སྲད་མ་དཀར་སེར། ཕ་ཝང་སྒོ་ཏི། སུམ་ཅུ་ཏིག་ཏ། བྱ་རྒོད་སུག་པ། ཁུར་མོང་། ལུག་རི་སྨུག་པོ་དང་སེར་པོ། རྩ་འཁྲིས་བ་མོ་ཁ། ཚེར་སྔོན། མེ་ཏོག་སེར་ཆེན། སྲོ་ལོ་དམར་པོ། དབྱར་རྩྭ་དགུན་འབུ། རྫ་ཡུང་། གླང་དུག མྱི་རྒན་བྲང་ཀོ་སོགས་སྨན་རྫས་ཀྱིས་ཕྱུར་བུར་གཏམས་པའི་རང་བྱུང་གི་བང་མཛོད་ཅིག་ཡིན་ལ། ཡུལ་འདིའི་ས་གཞི་ཆེན་མོར་ཐང་མར་བརྡལ་བའི་རྟ་ནོར་ལུག་གསུམ་ནི་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པའམ་མེ་ཏོག་གི་རྒྱ་མཚོ་ཀློང་དུ་བརྡོལ་བ་ལྟ་བུ་ཞིག་ཡིན་པས་ས་མཐོའི་གྲུ་གཟིངས་དང་ནོར་གནག་གི་ཕ་ས་ཞེས་པའི་མཚན་གྱི་སྙན་པ་ཕྱོགས་ཀྱི་མཐའ་གྲུ་ཀུན་ཏུ་ཁྱབ་ཡོད་པ་སོགས་བསྡུས་པ་ཙམ་ཞིག་སྟེ། བྱེ་བྲག་རེ་ཟུང་འོག་ནས་ཀྱང་ཤེས་པར་འགྱུར་རོ།།

ང་ཚོའི་ནམ་ཡང་རྒྱ་ཆེའི་ན་གཞོན་གྲོགས་པོ་རྣམས་ཀྱི་ཟིན་ཐོ་དང་ལེན་བྱ་ཞིང་། གལ་ཏེ་ཟིན་ཐོའི་ནང་དོན་དེ་ལེགས་ཕྱོགས་སུ་སོང་ན། ཁྱེད་ཀྱི་ལས་ཀའི་མྱོང་ཚོར་ངེད་ཅག་ལ་བཤད་ཆོག་ཅིང་། ལས་ཀའི་བསམ་བློ་དང་ཁྱེད་ཀྱི་སྨྱུག་བྲིས།བརྩེ་སེམས་སོགས་ལ་ཕྱོགས་གང་ལ་ཡང་དཔྱད་བརྗོད་ཆོག

གུས་པའི་གསལ་བརྡ། ང་ཚོས་ཟིན་ཐོ་རིགས་༼ཡི་གེ པར་རིས། སྒྲ།༽སོགས་སྐུར་བ་ལ་དགའ་བས་བསུ།

我们永久接收广大青年朋友的来稿!只要你的内容正面向上,就可以向我们传达你的学习体会、时事述评、工作思考以及你的随笔、情感! 温馨提示:我们欢迎多种形式的来稿(文字、片,音像)


分享到:


相關文章: