《慰 问 信》

༄༅།། ཀླུ་ཆུ་རྫོང་གི་དྲ་མིག་དཔོན་དང་བཅུ་དཔོན་ཡོངས་ལ་སྤྲིངས་པའི་འཕྲིན།

དྲ་མིག་དཔོན་དང་བཅུ་དཔོན་ཡོངས་ལ་ཞུ་དོན།

ད་ལོའི་ལོ་སར་གྱི་སྐབས་སུ་རྣམ་པ་གསར་བའི་ཏོག་དབྱིབས་ནད་དུག་ལས་བསྐྱེད་པའི་གློ་བའི་རིམས་ནད་ཚབས་ཆེན་ཞིག་གློ་བུར་དུ་མཆེད་བྱུང་།སྐབས་འདིར་དྲ་མིག་དཔོན་དང་བཅུ་དཔོན་ཚོས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས། རིམས་ནད་འགོག་རྒོལ་གྱི་གཡུལ་ས་དང་པོར་ཕྱིན་ནས་བྱ་བའི་འགན་འཁྲི་ལྷུར་ལེན་བྱས་ཤིང་བློ་སེམས་རྩེ་གཅིག་གིས་དམངས་ཀྱི་བདེ་སྡུག་གི་ལས་འགན་ལྕི་མོ་ཕྲག་ཏུ་ཁུར། དེ་ནས་བཟུང་ཁྱེད་ཚོ་ནི་མི་དམངས་མང་ཚོགས་ཆེས་ཡིད་ཆེས་ས་དང་། དམངས་དང་བར་ཐག་ཆེས་ཉེ་བའི་སྲུང་སྐྱོབ་པ་དེར་གྱུར་བས་ཁྱེད་ཚོའི་ངལ་རྩོལ་གྱི་འབྲས་བུ་དང་གཞན་ཕན་གྱི་ལྷག་བསམ་ལ་ཏང་དང་སྲིད་གཞུང་གིས་བསྟོད་ཚིག་གི་མེ་ཏོག་གཏོར་བཞིན་ཡོད།

རིམས་ནད་ཚབས་ཆེན་འདིའི་མདུན་དུ་ཁྱེད་ཚོར་ནད་དུག་འགོག་སྲུང་གི་ཡོ་ཆས་ཧ་ཅང་ཉུང་ཡང་དཔའ་ངར་ཞུམ་མེད་གྱིས་ལམ་མདོ་སོ་སོར་མི་འགྲོ་འོང་གི་འགོག་སྲུང་ས་ཚིགས་བཙུགས་ནས་ཞིབ་བཤེར་བྱས་པ་དང་། དུད་ཚང་གྲལ་བཤེར་བྱེད་པ། ལུས་དྲོད་བཤེར་འཇལ།ཁོར་ཡུག་འཕྲོད་བསྟེན་དག་ཐེར་བཅོས་སྐྱོང་།སྲིད་ཅུས་དྲིལ་བསྒྲགས་ཁྱབ་སྤེལ།ཚོང་རའི་བདག་དམ།གཙོ་གནད་མི་སྣའི་རྗེས་འདེད་དང་ཞབས་ཞུའི་བདག་དམ་སོགས་ཀྱི་བྱ་བར་མཐའ་གཅིག་ཏུ་ཞུགས་ནས་ཏོག་དབྱིབས་ནད་དུག་འགོག་སྲུང་གི་གཡུལ་ས་དང་པོའི་ཞིབ་བཤེར་པ།གྲལ་བཤེར་པ།ཆ་འཕྲིན་པ།འཕྲོད་བསྟེན་པ།དྲིལ་བསྒྲགས་པ།འཐབ་མོ་བ་ཞིག་ཏུ་གྱུར།ཁྱེད་ཚོས་ནུས་ཤུགས་ཡོད་དགུས་རོང་འབྲོག་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱས་པས།ཁྱེད་ཚོ་ནི་གཞི་རིམ་གྱི་རིམས་ནད་མཉམ་འགོག་མཉམ་བཅོས་དཔུང་སྡེའི་ཁྲོད་ཀྱི་གཙོ་ཤུགས་ནུས་པ་འདོན་མཁན་དེ་དང་།ཏོག་དབྱིབས་ནད་དུག་འགོག་སྲུང་གི་གཡུལ་ས་དང་པོ་ན་ཆེས་གུས་པར་འོས་པ་དང་ཆེས་གཅེས་སུ་འོས་པའི་༼དཔའ་རྟུལ༽དེ་ཆགས་སོ།།

ཁ་སང་དེ་རིང་གི་སྐབས་འདི་ནི་ཀླུ་ཆུ་རྫོང་གི་རྣམ་པ་གསར་བའི་ཏོག་དབྱིབས་ནད་དུག་ལས་བསྐྱེད་པའི་གློ་བའི་རིམས་ནད་ཚབས་ཆེན་འགོག་སྲུང་བྱ་བའི་གནད་འགག་གི་དུས་རིམ་ཞིག་ཡིན་པས། རྒྱ་ཆེ་བའི་དྲ་མིག་དཔོན་དང་བཅུ་དཔོན་ཚོས་མུ་མཐུད་དུ་མང་ཚོགས་དང་ཏང་དང་སྲིད་གཞུང་གི་བར་དུ་བཀྲ་ཤིས་གསེར་ཟམ་ལྟ་བུའི་འབྲེལ་མཐུད་ཀྱི་ནུས་པ་འདོན་དགོས། ནམ་ཡང་ཏང་གི་སྲིད་ཇུས་དང་དབང་གྲགས་ཆེ་ཤོས་དང་། ཚད་ལྡན་ཅན་གྱི་རིམས་འགོག་རང་སྲུང་གི་ཤེས་བྱ་དྲིལ་བསྒྲགས་བྱེད་དགོས།དེ་མིན་ཁོར་ཡུག་འཕྲོད་བསྟེན་དག་ཐེར་བཅོས་སྐྱོང་དང་ལམ་མདོའི་འགོག་སྲུང་ས་ཚིགས་ཀྱི་ཞིབ་བཤེར་སོགས་ཏང་དང་སྲིད་གཞུང་གི་རིམས་ནད་སྔོན་འགོག་རང་སྲུང་གི་བྱ་བ་ནན་ཏན་གྱིས་བསྒྲུབ་དགོས་ཤིང་། རོང་འབྲོག་མང་ཚོགས་ལ་ཁ་ཏ་སློབ་གསོ་བྱས་ནས་སྒོ་ལ་ཉུང་ཙམ་འགྲོ་བ་དང་འདུ་ཚོགས་མང་སར་མི་འདུག་པ། མི་སྒེར་གཙང་སྦྲར་དང་དོད་བྱེད་པ། ཕྱི་ལ་འགྲོ་ན་ཁ་ཐུམ་རྒྱག་པ། ཚ་རྒྱག་པ་སོགས་ལུས་ཁམས་མི་བདེ་བ་བྱུང་ན་དུས་ཐོག་ཏུ་སྨན་ཁང་དུ་སོང་ནས་ཞིབ་བཤེར་བྱེད་པ་སོགས་ལ་སྐུལ་མ་གཏོང་དགོས། ད་དུང་ནད་ས་ནད་ཡུལ་ནས་ལོག་པ་དག་ལ་ལྟ་རྟོག་ནན་མོ་བྱས་ནས་གནས་ཚུལ་དྲང་མོར་ལབ་པ་དང་། རང་གིས་དཀྲོག་གཏམ་མི་བཤད་པ།གཞན་གྱི་དཀྲོག་གཏམ་ལ་མི་ཉན་པར་རང་ཁྱིམ་ནས་རིམས་ནད་འགོག་པའི་ལས་ལ་བརྩོན་དགོས།ལྷག་པར་དུ་ནད་ས་ནད་ཡུལ་ནས་སུ་དང་གང་ཞིག་ཕྱིར་ལོག་པ་དང་། དེ་སུ་ལ་འབྲེལ་བ་བྱུང་བ་སོགས་ལ་ཞིབ་བཤེར་ནན་མོ་བྱས་ནས་༼ནད་ཅན་སྔ་མོ་ནས་རྙེད་པ།སྙན་ཞུ་སྔ་མོ་ནས་འབུལ་བ།སྔ་མོ་ནས་ལོགས་སུ་དགར་བ། ནད་བཅོས་སྔ་མོ་ནས་བྱེད་པ།༽སོགས་ཀྱི་བྱ་བ་ལག་བསྟར་མཐིལ་ཕྱིན་བྱེད་དགོས།ཏང་དང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག་དམངས་ཡོངས་ཀྱིས་མཐུན་སྒྲིལ་གྱི་ལག་རྡང་དམ་དུ་སྦྲེལ་ནས། ང་ཚོ་ཏོག་དབྱིབས་ནད་དུག་གི་རིམས་ནད་འདི་ལས་རྣམ་པར་རྒྱལ་བའི་ཡིད་ཆེས་བརྟན་པོ་སྩོལ་དགོས་སོ།།

མཐར་ཀླུ་ཆུ་རྫོང་གི་དྲ་མིག་དཔོན་དང་བཅུ་དཔོན་ཚང་མར་ཏོག་དབྱིབས་ནད་དུག་འགོག་རྒོལ་གྱི་གཡུལ་ས་ནས་སྐུ་ལ་འཚེ་བ་མེད་པའི་སྨོན་ལམ་ཡང་ཡང་འདེབས། ངེད་སྲིད་ཁྲིམས་ལས་དོན་གྱི་བློ་མཐུན་ཚོ་ནམ་ཡང་ཁྱེད་ཚོ་དང་མཉམ་དུ་ཡོད། བཀྲ་ཤིས་བདེ་ལེེགས།


ཀྲུང་གུང་ཀླུ་ཆུ་རྫོང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཚོགས་ནས།

༢༠༢༠ལོའི་ཟླ་༢པའི་ཚེས་༧ཉིན་ལ།

慰 问 信

全体网格长、联户长:

今年春节期间,一场新型冠状病毒感染的肺炎疫情突如其来,全县网格长、联户长积极响应党委政府号召,坚守岗位,舍小家为大家,始终奋战在抗击疫情工作的第一线,忠实履行职责,守护着万家平安,你们成为了人民群众无比信赖的亲人,你们的辛勤付出得到了党委政府的充分肯定,在此,县委政法委向你们致以亲切的问候和衷心的感谢!

面对疫情,你们没有退缩,你们在口罩等防护物资紧缺的情况下,第一时间有力有序参与设卡盘查、入户排查、检测体温、整治环境卫生、发放张贴广播宣传资料、市场管控、重点人员的跟踪服务等疫情防控工作,成为疫情防控一线的检查员、排查员、卫生员、信息员、宣传员、战斗员,全力守护农牧民群众的平安健康,你们是基层群防群治队伍中的一支重要力量,也是战斗在疫情防控一线最美丽的“逆行者”。

当前,我县新型冠状病毒感染的肺炎疫情防控工作正处于关键时期,广大网格长、联户长要继续发挥好党委政府与人民群众的桥梁纽带作用,宣传好党的政策和科学防控知识,开展好环境卫生整治和检查点检查,配合好党委、政府疫情防控工作,教育引导广大农牧民群众最大限度减少外出和人员聚集,严格遵守疫区返回人员居家观察要求,如实报告相关情况,不信谣、不传谣;做好重点人群排查防控,切实做到早发现、早报告、早隔离、早治疗。

希望大家做好自身防护工作,确保自身及家人的安全健康。我们坚信,在县委、县政府的坚强领导下,万众一心、众志成城,一定能够打赢这场疫情防控阻击战,共同守护好我们美丽的家园!

衷心祝愿大家在抗击疫情工作中平安健康!我们永远和您们在一起。


中共碌曲县委政法委员会

2020年2月7日


分享到:


相關文章: