疫情當前 堅決維權 為一線民警執法撐腰全力做好疫情防控期間公安執法工作

當前新型冠狀病毒感染的肺炎疫情防控形勢依然嚴峻,果洛州公安機關全體民(輔)警正全力護航疫情防控工作,果洛州公安局維權委員會堅決聲明警察執法權威不容挑釁。

警務督察部門將堅持嚴管與厚愛相結合,在加大督察工作力度,確保廣大民(輔)警嚴格、規範、公正、文明執法的同時,進一步加大民警維權力度,對於在疫情防控期間,襲警、辱警等妨害公務的行為,堅決依法處理,為防疫阻擊戰提供強有力的執法監督保障。

果洛州公安局維權委員會

2020年2月8日

疫情當前 堅決維權 為一線民警執法撐腰全力做好疫情防控期間公安執法工作


ནད་ཡམས་ཛ་དྲག་གནས།། མཐའ་གཅིག་ཁེ་དབང་སྲུང་།།

གཞི་རིམ་ཉེན་རྟོག་པའི་ཁྲིམས་འཛིན་ལ་རྒྱབ་སྐྱོར་བྱས་ཏེ།ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་འཛིན་དུས་སྐབས་ཀྱི་སྤྱི་བདེའི་ཁྲིམས་འཛིན་ལས་དོན་ལེགས་སྒྲུབ་བྱེད་རྒྱུ།

མིག་སྔར། ཏོག་དབྱིབས་ནད་དུག་གསར་བ་ལས་འགོས་བའི་གློ་ཚད་རིམས་ནད་ འགོག་འཛིན་གྱི་གནས་བབ་སྔར་བཞིན་ཛ་དྲག་ཡིན་པས། མགོ་ལོག་ཁུལ་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པ་ཡོངས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་འགོག་འཛིན་གྱི་ལས་དོན་ལ་གཞོགས་འདེགས་བྱེད་བཞིན་ཡོད། མགོ་ལོག་ཁུལ་སྤྱི་བདེ་ཅུས་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གིས་མཐའ་གཅིག་ཏུ་ཉེན་རྟོག་པའི་ཁྲིམས་འཛིན་དབང་གྲགས་ལ་འཁྲུག་རྐྱེན་བཟོ་མི་རུང་བ་གསལ་བསྒྲགས་བྱས་ཡོད།

ཉེན་དོན་ལྟ་ཞིབ་སྡེ་ཁག་གིས་དོ་དམ་ནན་མོ་དང་བརྩེ་སེམས་ཟབ་མོ་ཟུང་འབྲེལ་གྱི་ཐབས་ལམ་རྒྱུན་འཁྱོངས་བྱས་ནས་ལྟ་ཞིབ་ལས་དོན་གྱི་སྤེལ་ཤུགས་ཆེ་རུ་གཏོང་བ་དང་།རྒྱ་ཆེའི་མི་དམངས་ཉེན་རྟོག་པ།རམ་འདེགས་ཉེན་རྟོག་པས་ཁྲིམས་འཛིན་ནན་མོ་དང་ཚད་ལྡན། གཞུང་དྲང་།ཚུལ་ལྡན་བཅས་ཡོང་བར་འགན་ལེན་ཁག་ཐག་བྱེད་པ་དང་ཆབས་ཅིག རིམས་ནད་འགོག་འཛིན་བྱེད་པའི་དུས་སུ་ཉེན་རྟོག་པར་འཇབ་རྒོལ་དང་བརྙས་བཅོས་སོགས་གཞུང་དོན་འགོག་རྐྱེན་བཟོས་བའི་བྱ་སྤྱོད་ལ་ཁྲིམས་ལྟར་ཐག་གཅོད་བྱ་ངེས་པ་མ་ཟད། རྒྱ་ཆེའི་མི་དམངས་ཉེན་རྟོག་པ་དང་རམ་འདེགས་ཉེན་རྟོག་པའི་ཁེ་དབང་ལ་སྲུང་སྐྱོང་བྱས་ཏེ།རིམས་ནད་འགོག་རྒོལ་དམག་འཐབ་ལ་ནུས་ལྡན་གྱི་ཁྲིམས་འཛིན་་ལྟ་སྐུལ་འགན་སྲུང་འདོན་སྤྲོད་བྱེད་རྒྱུ།


མགོ་ལོག་ཁུལ་སྤྱི་བདེ་ཅུས་ཁེ་དབང་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་ནས།

2020ལོའི་ཟླ2ཚེས་8ཉིན།


分享到:


相關文章: