【雙語普法】孫某某、蔣某詐騙案——假冒慈善機構騙取疫情募捐

3月10日,最高人民法院發佈了第一批10個依法懲處妨害疫情防控犯罪比較典型的案例,其中包括妨害傳染病防治,妨害防疫工作人員依法執行公務甚至殺害防疫人員,冒充防疫人員實施搶劫,編造、故意傳播虛假疫情信息,利用疫情實施詐騙及非法獵捕、殺害珍貴、瀕危野生動物等犯罪。


ཟླ་༣ཚེས་༡༠ཉིན་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་བའི་བྱས་ཉེས་བསགས་རིགས་ལ་ཁྲིམས་ལྟར་ཉེས་ཆད་གཅོད་པའི་དཔེ་མཚོན་གྱོད་གཞི་ཁག་དང་པོ་བཅུ་ཁྱབ་བསྒྲགས་བྱས་པ་དེའི་ནང་རིམས་ནད་འགོག་བཅོས་ལ་འགོག་རྐྱེན་བཟོ་བ་དང་།རིམས་འགོག་ལས་བྱེད་མི་སྣས་ཁྲིམས་ལྟར་གཞུང་དོན་སྒྲུབ་པར་འགོག་རྐྱེན་བཟོ་བ་དང་།ཐ་ན་རིམས་འགོག་མི་སྣ་གསོད་པ།རིམས་འགོག་མི་སྣར་བརྫུས་ནས་འཕྲོག་བཅོམ་བྱེད་པ།རིམས་ནད་ཁྱབ་ཚུལ་གྱི་ཆ་འཕྲིན་རྫུན་མ་བཟོ་བ་དང་རྐང་བཙུགས་ནས་ཁྱབ་སྤེལ་བྱེད་པ་བཅས་ཚུད་ཡོད།རིམས་ནད་ལ་བརྟེན་ནས་ཁ་བསླུས་རྒྱག་པ་དང་དེ་བཞིན་ཁྲིམས་འགལ་ངང་རྩ་ཆེ་བ་དང་སྟོངས་ལ་ཉེ་བའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རྔོན་རྒྱག་པ་དང་གསོད་པ་སོགས་ཀྱི་ཉེས་པ་བསགས་ཡོད།


最高人民法院刑一庭負責人表示,新型冠狀病毒感染肺炎疫情發生以來,全國法院堅決貫徹落實習近平總書記系列重要講話精神和黨中央的工作部署,服務疫情防控大局,把人民群眾的生命安全和身體健康放在第一位,充分發揮刑事審判職能作用,嚴格依法辦案,準確把握政策,及時、從嚴懲處一批妨害疫情防控的犯罪分子,有力維護了人民群眾生命健康和社會大局穩定,為堅決打贏疫情防控阻擊戰提供有力司法保障。


ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཉེས་དོན་ཁྲིམས་ཁང་དང་པོའི་འགན་འཁུར་བས་ཏོག་དབྱིབས་གསར་གྱི་ནད་དུག་འགོས་པའི་གློ་ཚད་ནད་ཡམས་ཐོན་ཚུན་རྒྱལ་ཡོངས་ཁྲིམས་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་པ་དང་།ཉེས་དོན་འདྲི་གཅོད་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་ཁྲིམས་ལྟར་གྱོད་གཞི་ཐག་གཅོད་ནན་པོ་དང་སྲིད་ཇུས་ཁོང་དུ་ཡང་དག་ཆུད་པ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ལ་འགོག་རྐྱེན་བཟོ་མཁན་ཉེས་ཅན་ཁག་གཅིག་ལ་དུས་ཐོག་ཏུ་ཆད་པ་ནན་པོ་བཅད་དེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་རྒྱུར་སྲུང་སྐྱོང་ནུས་ལྡན་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་ཆེད་ཁྲིམས་འཛིན་གྱི་འགན་ལེན་ནུས་ལྡན་བྱས་ཡོད་པ་རེད།


人民法院依法懲處妨害疫情防控犯罪典型案例

མི་དམངས་ཁྲིམས་ཁང་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་གནོད་འཚེ་གཏོང་བའི་ཉེས་གསོག་དཔེ་མཚོན་གྱོད་གཞིར་ཁྲིམས་ལྟར་ཉེས་ཆད་གཅོད་དགོས།


案例6:

གྱོད་དོན་དྲུག་པ།

孫某某、蔣某詐騙案

——假冒慈善機構騙取疫情募捐


སུན་ག་གེ་མོ་དང་ཅང་ག་གེ་མོས་ཁ་བསླུས་བརྒྱབ་པའི་གྱོད་གཞི་། -་-་དགེ་སྒྲུབ་ལས་ཁུངས་རྫུས་མར་བརྟེན་ནས་རིམས་ནད་ཀྱི་ཞལ་འདེབས་གཡོ་ལེན་བྱས་པ།


【簡要案情】

གྱོད་དོན་མདོར་བསྡུས་།

2020年1月27日12時許,被告人孫某某、蔣某經預謀打印虛假宣傳材料3000份,在北京市西城區多地張貼、散發,假借“市希望工程辦公室”“市志願者協會”之名,以“為抗擊新冠肺炎募捐”為由,謊稱已聯繫到口罩等物資的購買渠道,欲欺騙他人向孫某某微信賬戶轉募捐款。當日16時許,孫某某、蔣某到案。截至案發,尚無錢款轉入孫某某微信賬戶。

༢༠༢༠་ལོའི་ཟླ་༡་ཚེས་༢༧་ཉིན་གྱི་ཆུ་ཚོད་12་ཙམ་ལ་ཞུ་སྦྱོར་ཕྱི་མ་སུན་ག་གེ་མོ་དང་ཅང་ག་གེ་མོས་དྲིལ་བསྒྲགས་ཀྱི་དཔྱད་གཞིའི་ཡིག་རིགས་རྫུས་མ་3000་བསྐྱར་པར་བརྒྱབ་ནས་པེ་ཅིང་གྲོང་ཁྱེར་ནུབ་གྲོང་ཁུལ་གྱི་ས་ཆ་མང་པོར་སྦྱར་བ་དང་འགྲེམས་སྤེལ་བྱས་ཏེ་"་གྲོང་ཁྱེར་གྱི་ཕུགས་རེའི་འདུ་འགོད་གཞུང་ལས་ཁང་"་དང་"་གྲོང་ཁྱེར་གྱི་དང་བླངས་པའི་མཐུན་ཚོགས་"་ཀྱི་མིང་གཡར་ནས་"་གློ་ཚད་གསར་པར་འགོག་རྒོལ་བྱ་ཆེད་ཞལ་འདེབས་བསྡུ་བ་"་ཞེས་པ་རྒྱུ་མཚན་དུ་བྱས་ཏེ་།ཁ་རས་སོགས་དངོས་ཟོག་ཉོ་བའི་ཐབས་ལམ་དང་འབྲེལ་བ་བྱས་ཟིན་ཞེས་རྫུན་བཤད་ནས་མི་གཞན་ལ་མགོ་སྐོར་བཏང་སྟེ་སུན་ག་གེ་མོའི་སྐད་འཕྲིན་རྩིས་ཁྲའི་ཐོག་ནས་ཞལ་འདེབས་བསྡུ་རུབ་བྱེད་འདོད་ཡོད་ཅེས་བཤད་པ་རེད་།ཉིན་དེའི་ཆུ་ཚོད་16་ཙམ་ལ་སུན་ག་གེ་མོ་དང་ཅང་ག་གེ་མོ་གྱོད་གཞིར་འབྱོར་བ་རེད་། གྱོད་དོན་བྱུང་བའི་བར་དུ་ད་དུང་སུན་ག་གེ་མོའི་སྐད་འཕྲིན་ཐོ་ཁོངས་སུ་བསྒྱུར་བའི་སྒོར་མོ་མེད་།


【裁判結果】

ཤན་འབྱེད་པའི་མཇུག་འབྲས།

北京市西城區人民法院經審理認為,被告人孫某某、蔣某以非法佔有為目的,在新冠肺炎疫情防控期間假冒慈善機構的名義,以賑災募捐為由,欲騙取公私財物,情節嚴重,其行為均構成詐騙罪。孫某某、蔣某假借抗疫之名,實施詐騙行為,主觀惡性深,社會影響惡劣,應依法從嚴懲處。孫某某、蔣某已著手實施詐騙,因被及時查獲而未得逞,系犯罪未遂,可以比照既遂從輕處罰。據此,於2020年2月28日以詐騙罪分別判處被告人孫某某、蔣某有期徒刑十個月,並處罰金人民幣一萬元。

པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཆུས་མི་དམངས་ཁྲིམས་ཁང་གིས་འདྲི་ཞིབ་བྱས་པ་བརྒྱུད་ཞུ་སྦྱོར་ཕྱི་མ་སུན་ག་གེ་མོ་དང་ཅང་ག་གེ་མོས་ཁྲིམས་འགལ་ངང་བདག་གིར་འཛིན་རྒྱུ་དམིགས་ཡུལ་དུ་བྱས་ཏེ་གློ་ཚད་གསར་པའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་དགེ་སྒྲུབ་སྒྲིག་གཞི་རྫུས་མའི་མིང་ཐོག་ནས་གེགས་སེལ་ཞལ་འདེབས་བསྡུ་བར་ཁ་གཡར་ཏེ་གཞུང་སྒེར་གྱི་རྒྱུ་ནོར་གཡོ་ལེན་བྱེད་འདོད་པའི་ཉེས་ཚབས་ཆེ་བས་དེའི་བྱེད་སྤྱོད་ཚང་མ་ཁ་བསླུས་རྒྱག་པའི་ཉེས་པ་བསགས་ཡོད་པའི་ངོས་འཛིན་བྱས་པ་རེད།སུན་ག་གེ་མོ་དང་ཅང་ག་གེ་མོས་རིམས་ནད་འགོག་པའི་མིང་གཡར་ནས་ཁ་བསླུས་རྒྱག་པའི་བྱ་སྤྱོད་སྤེལ་བ་དང་རང་ངོས་ཀྱི་ངན་ཚབས་ཆེ་བ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་བཟོས་པས་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་དགོས་།སུན་ག་གེ་མོ་དང་ཅང་ག་གེ་མོས་ཁ་བསླུས་རྒྱག་འགོ་བཙུགས་པ་དང་དུས་ཐོག་ཏུ་རྩད་ཆོད་ཐུབ་ཀྱང་ལམ་ལྷོངས་མ་བྱུང་བ་དང་ཉེས་དམིགས་མ་གྲུབ་པའི་ཁོངས་སུ་གཏོགས་པས་ཉེས་ཆད་གཅོད་པའི་ཚད་དང་བསྟུན་ནས་ཡང་བཟོས་ཀྱི་ཉེས་ཆད་བཅད་ཆོག དེར་བརྟེན་༢༠༢༠་ལོའི་ཟླ་༢ཚེས་༢༨ཉིན་ཁ་བསླུས་བརྒྱབ་པའི་ནག་ཉེས་ལ་བརྟེན་ནས་ཁག་སོ་སོར་ཞུ་སྦྱོར་ཕྱི་མ་སུན་ག་གེ་མོ་དང་ཅང་ག་གེ་མོར་དུས་བཀག་བཙོན་འཇུག་ཟླ་བ་བཅུ་བྱ་རྒྱུའི་ཁྲིམས་ཐག་བཅད་པ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་གཅིག་བཅད་པ་རེད་།


分享到:


相關文章: