国家安全知识百问藏汉双语(9)


རྒྱལ་ཁབ་ནི་ཁྱིམ་ཚང་ཁྲི་སྟོང་གིས་གྲུབ། རྒྱལ་ཁབ་ཡོད་ན་གཞི་ནས་ཁྱིམ་ཚང་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་དར་དམངས་བདེ་ནི་མི་དམངས་མང་ཚོགས་ཀྱི་ཆེས་གཞི་རྩ་དང་ཆེས་ཡོངས་ཁྱབ་ཀྱི་རེ་འདུན་ཡིན། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་དང་། མི་དམངས་བདེ་སྡོད་ལས་བརྩོན་ཡོང་བར་རྒྱལ་ཁབ་ཀྱི་བདེ་འཇགས་ནི་དོན་ཆེན་ཨང་དང་པོ་དེ་ཡིན་ཞེས་ནན་བཤད་གནང་ཡོད། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱ་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་རྣམ་པ་བཟང་པོ་གཏོད་ཆེད། བོད་ལྗོངས་ཁྲིམས་འཛིན་འཕྲིན་སྟེགས་ཀྱིས་“རྒྱལ་ཁབ་ཀྱི་བདེ་འཇགས་ཤེས་བྱའི་སྐོར་གྱི་དྲི་བ་བརྒྱ”ཞེས་པའི་བོད་རྒྱ་སྐད་གཉིས་ལེ་ཚན་མུ་འགོད་བྱ་རྒྱུ་ཡིན་པས་ཚང་མས་སློབ་སྦྱོང་གནང་རོགས།

“国是千万家,有国才有家”。习近平总书记指出,国泰民安是人民群众最基本、最普遍的愿望。实现中华民族伟大复兴的中国梦,保证人民安居乐业,国家安全是头等大事。为营造学习宣传国家安全知识的浓厚氛围,“西藏司法”将近期连载“国家安全知识百问”藏汉双语,供大家学习。

རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བར་ཁྱོན་ཡོངས་ནས་གོ་བ་གཏིང་ཟབ་ལེན་དགོས།

全面领会总体国家安全观

རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱེད་དགོས། འཕེལ་རྒྱས་དང་བདེ་འཇགས་གཉིས་གཅིག་གྱུར་ཐོག་འཆར་འགོད་བྱེད་པ་དང་། དཀའ་ཉེན་རྟག་དྲན་གྱི་འདུ་ཤེས་ཤུགས་ཆེར་གཏོང་བ། བདེ་དུས་ཉེན་ཁ་དྲན་ཐུབ་པ་བཅས་བྱ་རྒྱུ་ནི་ང་ཚོའི་ཏང་གི་རྒྱལ་སྲིད་སྐྱོང་ལུགས་ཀྱི་རྩ་དོན་གལ་ཆེན་ཞིག་ཡིན། ངེས་པར་དུ་རྒྱལ་ཁབ་ཀྱི་ཁེ་ཕན་བླ་ན་མེད་པ་དང་མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་འཛིན་པ་དང་ཕྱི་ནང་གཉིས་ཀྱི་བདེ་འཇགས་དང་རྒྱལ་ཁབ་ཀྱི་མངའ་ཁོངས་བདེ་འཇགས། རྒྱལ་དམངས་ཀྱི་བདེ་འཇགས། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས། རང་ངོས་ཀྱི་བདེ་འཇགས་དང་ཐུན་མོང་གི་བདེ་འཇགས་བཅས་གཅིག་གྱུར་འཆར་འགོད་བྱེད་དགོས། རྒྱལ་ཁབ་ཀྱི་བདེ་འཇགས་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།

坚持总体国家安全观。统筹发展和安全,增强忧患意识,做到居安思危,是我们党治国理政的一个重大原则。必须坚持国家利益至上,以人民安全为宗旨,以政治安全为根本,统筹外部安全和内部安全、国土安全和国民安全、传统安全和非传统安全、自身安全和共同安全,完善国家安全制度体系,加强国家安全能力建设,坚决维护国家主权、安全、发展利益。


—སྤྱི་ལོ་༢༠༡༧ལོའི་ཟླ་བ་༡༠ཚེས་༡༨ཉིན་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་པའི་ཐོག་གནང་བའི་སྙན་ཞུ་ལས་དྲངས།

—习近平2017年10月18日在中国共产党第十九次全国代表大会上的报告


༩.རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ཞེས་པ་དེ་ག་དུས་ཐོག་མར་གསུངས་པ་ཡིན།

9.总体国家安全观是什么时候首次提出的?

སྤྱི་ལོ་༢༠༡༤ལོའི་ཟླ་བ་༤ཚེས་༡༥ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བ་ཞེས་པ་ཐོག་མར་བཏོན་གནང་བ་དང་། རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་ལྟ་བའི་གཞི་རྩའི་ནང་དོན་དང་། མཛུབ་ཁྲིད་བསམ་བློ། ལག་བསྟར་བྱེད་པའི་རྩ་དོན་བཅས་ལ་རྒྱས་འགྲེལ་གནང་ཡོད།

2014年4月15日,习近平总书记主持召开中央国家安全委员会第一次会议。习近平总书记在讲话中首次提出总体国家安全观,阐述了总体国家安全观的基本内涵、指导思想和贯彻原则。


分享到:


相關文章: