拉萨连续七天零疫情

<strong>ལྷ་སའི་ཏོག་དབྱིབས་ནད་དུག་གི་གནས་ཚུལ།

2020年2月18日拉萨市新型冠状病毒肺炎疫情情况


<strong>སྤྱི་ལོ་༢༠༢༠ལོའི་ཟླ་༢ཚེས་༡༨ཉིན་གྱི་ཆུ་ཚོད་༢༤བར། ལྷ་ས་གྲོང་ཁྱེར་ལ་ཏོག་གསར་གློ་ཚད་ཕོག་མཁན་མེད་པ་དང་། དོས་དྲག་པའི་ནད་པ་མེད། ཚེ་སྲོག་ཤོར་བའི་ནད་པ་མེད། དོགས་ཡོད་ནད་དཔེ་མེད། དྲག་སྐྱེད་བྱུང་ནས་ཁྱིམ་དུ་ལོག་པ་གཅིག་ཡོད། ད་བར་ཁྱོན་བསྡོམས་ཏོག་གསར་གློ་ཚད་ཕོག་མཁན་གཅིག་རང་ལས་བྱུང་མེད། ཉིན་ཉི་ཤུ་བསྟུད་མར་ནད་པ་གསར་པ་དང་དོགས་ཡོད་ནད་དཔེ་ཐོན་མེད།

截止2月18日24时,我市现有新冠肺炎确诊病例0例,重症病例0例,死亡病例0例,疑似病例0例,治愈出院病例1例,累计确诊新冠肺炎病例1例。连续20天无新增确诊或疑似病例。


<strong>ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་དང་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཤ་ཚའི་དྲན་སྐུལ། ཁེ་ལས་ཀྱིས་ཏོག་གསར་གློ་ཚད་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས་ལས་བཟོའི་བདེ་ཐང་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་བརྒྱབ་དགོས།

拉萨市卫生健康委员会温馨提示:企业做好新冠肺炎防护之加强员工健康监测


<strong>ལོགས་སུ་བཀར་དགོས་པའི་ལས་བཟོ་བར་ཁྱིམ་དུ་བསྡད་པའམ་ཡང་ན་གཅིག་བསྡུས་ལོགས་སུ་བཀར་ཡུལ་དུ་ཉིན་རེར་གཟུགས་པོའི་དྲོད་ཚད་ལ་ལྟ་ཞིབ་ཚད་ལེན་ཐེངས་གཉིས་རེ་བྱེད་དགོས། བླང་བྱ་དང་མཐུན་ནས་ཁེ་ལས་ཀྱི་ལས་འགོ་བསྐྱར་ཚུགས་བྱེད་ཐུབ་པའི་ལས་མི་ཡིན་ཕྱིན།ལས་ཁུངས་ཀྱི་བཟོ་གྲྭའི་ནང་དུ་མ་ཞུགས་གོང་གཟུགས་པོའི་དྲོད་ཚད་ལ་བརྟག་དཔྱད་ཐེངས་རེ་བྱེད་དགོས་པ་དང་།ལས་མི་སྤྱོད་མཁན་སྡེ་ཚན་གྱིས་ལས་ཁུངས་ཀྱི་བཟོ་གྲྭའི་འཛུལ་སྒོ་ནས་གཟུགས་པོའི་དྲོད་ཚད་ལ་ཞིབ་བཤེར་ཚད་ལེན་བྱེད་ས་འཛུགས་དགོས།ཐུན་མོང་གི་ཉལ་ཁང་དུ་སྡོད་པའི་ལས་བཟོ་བར་ཉིན་རེར་གཟུགས་པོའི་དྲོད་ཚད་ཐེངས་གཉིས་འཇལ་དགོས་པ་དང་།དམར་ཕྱིའི་དྲོད་བཤེར་ལག་ཆ་དང་རྣ་དྲོད་འཇལ་ཆས་སོགས་ཀྱི་ཚད་འཇལ་དཔྱད་ཆས་འདེམ་དགོས། ཚ་བ་རྒྱག་པ་དང་།ཤུགས་མེད་པ།སྐམ་གློ་ལུ་བ་སོགས་དོགས་གཞི་ཡོད་པའི་ནད་རྟགས་ཐོན་སྐབས་ཁ་པར་བརྒྱབ་ནས་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་བཀར་བྱེད་པ། སྔ་ཙམ་སྨན་བཅོས་བཅས་བྱེད་དགོས།

对需要隔离的员工,在家或集中隔离点每日进行2次体温监测;对符合要求可以进入企业复工的员工,每次进入单位厂区前,应进行体温检测,用人单位应在单位厂区入口设立体温检测点;入住集体宿舍的员工,应每日进行2次体温检测,可选用红外体温枪、耳温测试仪等测量仪器。设立发热、乏力、干咳等可疑症状告知电话并保持畅通,做到“早发现、早报告、早隔离、早诊断、早治疗”。



分享到:


相關文章: