拉薩市衛生健康委員會溫馨提示:關於返崗工作的防護建議


拉薩市衛生健康委員會溫馨提示:關於返崗工作的防護建議

ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ལས་གནས་སུ་ཕྱིར་ལོག་བྱ་མཁན་ཐད་ལ་བཏོན་པའི་འགོག་སྲུང་གྲོས་འགོ།

拉薩市衛生健康委員會溫馨提示:關於返崗工作的防護建議


༡. ཉིན་རེར་གཟུགས་པོའི་དྲོད་ཚད་འཇལ་དགོས་པ་དང་།དྲོད་ཚད་ཇེ་མཐོར་སོང་བའམ་དབུགས་ལམ་གྱི་ནད་རྟགས་ཐོན་ཚེ། རང་འགུལ་གྱིས་ངལ་གསོ་བ་དང་ཡང་ན་ཁྱིམ་ལ་ཞུགས་ནས་ལས་ཀ་བྱེད་རྒྱུར་རེ་ཞུ་བྱེད་དགོས།

1.每天自己測量體溫,體溫升高或出現呼吸道症狀,建議主動申請休息或在家辦公;


༢.ཕྱི་ལ་འགྲོ་སྐབས་ངེས་པར་དུ་ཁ་རས་རྒྱག་པ་དང་དུག་སེལ་གཤེར་ཁུ་དང་གཙང་ཤོག་སོགས་འཁྱེར་དགོས། རྐང་ཐང་དུ་འགྲོ་བ་དང་། རྐང་འཁོར་བཞོན་པ། སྒེར་འཁོར་གཏོང་བའམ་ཡང་ན་རྒྱུན་ཚིགས་རླངས་འཁོར་བསྡད་དེ་ལས་ཀར་འགྲོ་རྒྱུ་གཙོ་བོ་བྱེད་དགོས། སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་ལ་བསྡད་ན་མི་གཞན་དང་བར་ཐག་ཇེ་རིང་དུ་གཏོང་བ་དང་། ཁ་བརྡ་མི་བྱེད་པ། གང་ཐུབ་ཀྱིས་རླངས་འཁོར་སྟེང་གི་དངོས་པོ་དང་མི་གཞན་ལ་རེག་མི་རུང་།

2.出門時務必全程佩戴口罩並攜帶消毒液、紙巾等物品。儘量選擇步行、騎行、自駕車或乘坐班車上下班。乘坐公共交通工具應儘量與其他人保持距離,避免交談,儘量避免觸碰車上物品和他人;


༣.གང་ཐུབ་ཀྱིས་གློག་སྐས་ལ་མི་སྡོད་པར་རྐང་ཐང་མར་ཐོག་ས་འབབ་འཛེགས་བྱེད་པ་དང་།ལག་སྐྱོར་ལ་རེག་མི་རུང་། དཔེར་ན། ཁང་དབྱིབས་གློག་སྐས་ལ་བསྡད་ནའང་ངེས་པར་དུ་ཁ་རས་རྒྱག་དགོས་པ་ལས་ལག་པས་ཐད་ཀར་གློག་སྐས་ལ་རེག་མི་རུང་།

3.儘量避免乘坐廂式電梯,建議步行上下樓,儘量不觸摸扶手。如乘坐廂式電梯也務必佩戴口罩,不用手直接接觸電梯按鈕,可以用紙巾等其他物體隔離;


༤.ལས་ཀ་བྱ་ཡུལ་དུ་བསྐྱོད་སྐབས་རེ་བ་གཞིར་བཟུང་ཚན་པར་གཞོགས་འདེགས་བྱས་ཏེ་གཟུགས་པོའི་དྲོད་ཚད་བརྟག་དཔྱད་དང་བདེ་ཐང་ཐད་ཀྱི་བློ་འདྲི་ཡག་པོ་བྱེད་དགོས།

4.進入工作場所前,按照要求配合單位做好體溫檢查和健康詢問;


༥.ལས་ཀ་བྱེད་ས་དང་། གཞུང་ལས་ཁང་། གསང་སྤྱོད།(སྒོ་འཛིན་དང་། སྒྲོག་ཙེ། ས་ངོས་སོགས་)དང་གཞུང་ལས་སྤྱོད་ཆས་(གློག་ཀླད་མཐེབ་གཞོང་གི་ཙིག་རྟགས་དང་། སྤྱི་སྤྱོད་ཁ་པར། ལག་ཐོགས་ཁ་པར། ཡིག་ཆས་སོགས་)ལ་དུས་རྒྱུན་དུག་སེལ་དང་གཙང་སྦྲ་ཡག་པོ་བྱས་ཏེ་ཁང་པའི་ནང་གི་དུས་ཚོད་གཏན་འཁེལ་དང་རླུང་འགྲོ་རྒྱུན་འཁྱོངས་ཡོང་བ་བྱས་ནས་དྲོད་སྙོམས་འཕྲུལ་ཆས་བེད་སྤྱོད་བྱ་མི་དགོས་པ་བྱེད་དགོས།

5.做好工作場所、辦公室、衛生間(門把手、桌面、地面等)和辦公用品(電腦鍵盤鼠標、公用電話、手機、文具等)日常消毒、清潔,保持室內定時通風換氣,避免使用中央空調;


༦. མི་མང་པོས་གཞུང་དོན་སྒྲུབ་སྐབས་ལོགས་སུ་དབྱེ་ནས་སྡོད་དགོས་པ་དང་། བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས་པ། གླེང་མོལ་བྱེད་སྐབས་བར་ཐག་འོས་འཚམ་རྒྱུན་འཁྱོངས་བྱས་ནས་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱ་རྒྱུ་ཉུང་དུ་གཏོང་དགོས། གཅིག་སྡུད་ཚོགས་འདུ་ཉུང་དུ་བཏང་ནས་གཞུང་ལས་བྱེད་སྟངས་གསར་གཏོད་བྱས་ཏེ་བརྙན་ལམ་ཚོགས་འདུ་དང་དྲ་ཐོག་འབྲེལ་གཏུག་མང་ཙམ་བྱེད་དགོས་པའི་གྲོས་འགོ་འདོན་དགོས། གལ་ཏེ་ངེས་པར་དུ་གཅིག་སྡུད་ཀྱིས་ཚོགས་འདུ་འཚོག་དགོས་པ་དང་། ཚོགས་འདུའི་དུས་ཡུན་རིང་པོར་ཚོད་འཛིན་བྱ་དགོས་ན། ངེས་པར་དུ་བརྒྱུད་རིམ་ཧྲིལ་པོར་ཁ་རས་རྒྱག་དགོས་ཀྱི་ཡོད།

6.多人辦公時應儘量分開就坐,全程佩戴口罩,談話保持適度距離,減少面對面交流。儘量減少集中開會,建議創新辦公方式,多采用視頻會議和線上溝通。如必須集中開會,要控制會議時長,必須全程佩戴口罩;


༧.གཙང་སྦྲའི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། གློ་ལུ་བའམ་ཧབ་སྦྲིད་རྒྱག་སྐབས་མི་ཚོགས་ལས་གཡོལ་གང་ཐུབ་བྱེད་དགོས་ཤིང་། ཤོག་བུ་དང་། ལག་རས། གྲུ་མོ་བཅས་ཀྱིས་ཁ་སྣ་བཀབ་ནས་མཆིལ་མ་ཐོར་བར་སྔོན་འགོག་བྱེད་དགོས། བཀོལ་སྤྱོད་བྱས་རྗེས་ཀྱི་ཤོག་བུ་གད་སྙིགས་བླུགས་སྣོད་ནང་དུ་བླུགས་ཏེ་དབུགས་ལམ་གྱི་ཟགས་ཐོན་དངོས་རྫས་ལ་རེག་རྗེས་མྱུར་དུ་ལག་པ་བཀྲུ་དགོས།

7.要保持良好的衛生習慣,咳嗽或打噴嚏時儘量避開人群,用紙巾、手絹或肘部遮掩口鼻,防止唾液飛濺。使用後的紙巾放到垃圾桶裡,接觸呼吸道分泌物後立即清洗雙手;


༨.མྱུར་སྐྱེལ་དང་ཡིག་ཆ་སོགས་དངོས་རྫས་རྩིས་ལེན་བྱས་རྗེས་ལག་པ་བཀྲུ་དགོས། སོ་སོའི་སྨྱུ་གུ་བེད་སྤྱོད་བྱེད་པའི་གོམས་གཤིས་འཇགས་པ་བྱས་ཏེ་གཞུང་དོན་དུ་སྤྱོད་པའི་སྨྱུ་གུ་སྤྱོད་མི་རུང་།

8.接收快遞、文件等物品後要洗手。養成隨身攜帶簽字筆的習慣,儘量避免使用公用筆;


༩.ལས་ཀ་བྱེད་དུས་སོ་སོས་ཁ་ལག་འཁྱེར་གང་ཐུབ་བྱེད་དགོས། དཔེར་ན་ཟ་ཁང་ངམ་ཟ་ཁང་དུ་ཁ་ལག་བཟའ་བར་འགྲོ་བ་དང་།ཁ་ལག་ཟ་སྐབས་གང་ཐུབ་ཀྱིས་ལོགས་སུ་བསྡད་ནས་ངོ་ཐུག་གདོང་འཕྲད་ཀྱིས་ཁ་ལག་ཟ་བའི་གོ་སྐབས་ཉུང་དུ་གཏོང་དགོས། ཁ་ལག་ཟ་དུས་སྐད་ཆ་མི་ཤོད་པ་དང་།གལ་སྲིད་ཆ་རྐྱེན་འཛོམས་ཚེ། ལས་གནས་སུ་འཁྱེར་ནས་ལོགས་སུ་ཟ་དགོས།

9.工作時儘量自帶飯菜。如去食堂或餐廳就餐,建議錯峰,避免扎堆;就餐時儘量分開就坐,減少面對面就餐機會;就餐時不說話;如條件允許,建議打包帶回工位單獨用餐;


༡༠.ལས་ཀ་གྲོལ་རྗེས་ལས་ཁུངས་སུ་མི་སྡོད་པ་དང་།འདུ་འཛོམས་མི་བྱེད་པ། ཁ་ལག་མཉམ་དུ་མི་ཟ་བ་བཅས་བྱེད་དགོས།

10.下班後不在單位逗留,下班後不聚會、不聚餐;


༡༡.ཁྱིམ་དུ་ལོག་ནས་སྒོ་འགྲམ་དུ་སྔོན་ལ་ཕྱི་གོས་དང་། ཞྭ་མོ། རྒྱབ་ཁུག ལག་ཐོགས་ཁ་པར། མིག་ཤེལ་སོགས་གཏན་འཇགས་ཀྱི་གནས་སུ་བཞག་ནས་དུས་ཐོག་ཏུ་དུག་སེལ་དང་གཙང་སྦྲ་བྱེད་དགོས་པ་དང་། དེ་ནས་ལག་པ་དང་ཁ་ངོ་བཀྲུ་བ་དང་འབྲེལ་སྒེའུ་ཁུང་ཕྱེ་ནས་རླུང་འགྲོ་རྒྱུག་ཏུ་འཇུག་དགོས།

11.回家進門前,先將外套、鞋帽、揹包、手機、眼鏡等放置在固定位置及時消毒清潔,再洗手洗臉,並開窗通風;


༡༢. ཁྱིམ་དུ་ལོག་རྗེས་ཕྱིར་མི་འགྲོ་བ་དང་། ཁྱིམ་དུ་སྦྱོང་བརྡར་འོས་འཚམ་བྱེད་པ། ཆུ་མང་ཙམ་འཐུང་བ། བཟའ་བཏུང་བདེ་ཐང་ལ་དོ་སྣང་བྱེད་པ། ངལ་གསོ་མང་ཙམ་རྒྱག་པ་བཅས་བྱེད་དགོས།

12.回家後儘量不要外出,可在家進行適度鍛鍊,多飲水、注意飲食健康均衡,注意多休息。

拉薩市衛生健康委員會溫馨提示:關於返崗工作的防護建議



分享到:


相關文章: