02.01 【双语】青海省藏语系佛学院致全院师生的公开信

来源 | 青海省藏语系佛学院

青海省藏语系佛学院致全院师生的公开信

亲爱的经师们、学员们:

首先向大家致以新年的问候和新春的祝福,祝大家在新的一年事业有成,身体健康,万事如意!

正在此刻,全国新冠肺炎疫情牵动着省佛学院全体师生员工的心,学院也时刻牵挂着每一位经师(教师)、学员的身心健康,并已于1月27日下发了《关于切实做好新型冠状病毒感染的肺炎疫情防控工作的通知》,成立里学院防控工作领导小组,落实了工作责任,安排了一系列防控措施,积极响应政府号召,最大限度阻断疫情传播扩散渠道,尽一切力量保障全院师生员工的健康与生命安全。

在本该欢声笑语的春节假期,有不少经师学员因这场突如其来的疫情,没能踏上期待已久的旅途,没能见到思念已久的亲朋。但是作为这个伟大时代的一份子,作为省佛学院的一员,配合做好疫情防控工作,早已是我们义不容辞的共同责任。一段时间以来,我院多位经师与省内藏传佛教知名人士广泛联系,发出了《科学防控新冠肺炎疫情倡议书》,不少学员在自己的寺院发起或参与“佛光普照、慈悲为怀,武汉挺住!中国加油!”等祈福活动,有的学员参与赶制防瘟熏香、药囊的行动,更多的学员不厌其烦地向亲朋好友科普和宣传防控知识,向全社会表达了佛学院师生报效祖国、慈悲众生的责任感,展现了藏传佛教新一代僧才的良好形象。个人的力量虽小,然而请相信,你们做出的每一分努力都是一股激励人心的正能量,鼓舞着奋斗在一线的医务人员,为正在抗争中的病人们带去希望。此刻,你们都是对抗疫情的勇士!

亲爱的经师、学员们,希望你们在接下来的假期里,继续调整好心态,不要迟疑,不要放手,更不能松懈、轻视疫情。我们相信,你们对疫情区和自身健康的关切与帮助,终会是战胜这次疫情不可忽视的一份力量。为此,我们呼吁大家一起做到以下几点:


强化纪律,及时报告信息

考虑到开学带来的人员流动可能会增加感染疫情的风险,给防控工作带来不利影响,学院要求所有学员和离校的经师暂按原定3月1日返校准备,切勿提前返校,留校的经师暂不要离开校园活动,并谢绝访客,不参与聚会聚餐。近两周内有异地旅行或居住情况的教师、学员要及时报告行程,等待学院进一步通知。如出现发热、咳嗽、胸闷、乏力等状况,请佩戴口罩到当地定点医疗机构发热门诊就诊,并第一时间报告学院,主动配合当地疾控部门做好密切接触人群等追踪和排查等工作。开学返校后,要服从学校防疫工作安排。

非常时期,需要非常关怀。请各位经师、学员与教务处、学员处及辅导员等保持联系,留意学校相关工作动态,如果有辅导员和学院干部不分时间段地询问你的情况,请积极配合他们的工作,他们不分昼夜地默默付出,舍弃了自己本该休息和放松的时间,只为守护你的健康。


遵从科学,积极配合防疫

希望各位师生理性地对待这次疫情,增强防病意识和自我保护能力,严格执行国家、各地政府及学院的防疫规定。此次引发疫情的冠状病毒主要通过近距离的呼吸道飞沫、人与人接触等途径传播。寒假期间,大家要安心在僧舍休息、学经、修行,减少去经堂、法会等人群集聚的地方,尽量避免乘坐公共交通工具,不吃未经检疫的食品,不给病毒可乘之机。参加祈福消灾活动或不能避免出行时,应自行配备符合要求的口罩,并每4小时更换一次,回到僧舍要采取“六步洗手法”洗手并洗脸。经常开窗通风保持室内空气流通。不随地吐痰,咳嗽或打喷嚏时用纸巾或袖肘遮掩口鼻。处理生食和熟食的切菜板和刀具要分开,彻底煮熟肉类和蛋类。避免无防护的情况下接触野生动物或活牲畜家禽。


保持心境,理性应对疫情

疫情形势虽然严峻,我们要保持充分的信心,相信在党中央的坚强领导下,我们必将控制新冠肺炎疫情的发展,取得这场战役的胜利。目前社交媒体平台上信息繁杂,请自觉关注国家权威部门实时发布的真实信息和疫情防控措施,不信谣、不传谣、不造谣,自觉维护社会秩序。如被当地疾控部门告知是密切接触者,不要恐慌,主动自我隔离,积极配合医学观察,定期接受随访。


不负韶华,过个充实假期

减少外出、自我隔离是当前我们能为疫情防控工作所做的最重要的事。在这段特殊的时间里,我们要多向周边的人员和信众宣传教育疫情相关防控措施和要求,劝阻亲朋好友举行拜年、聚餐聚会活动。也要利用更多独处的时间,钻研经典、潜心修行,反省过往、提升自我,为来年的学业精进做好准备,还可以通过适当的娱乐和体育活动疏解压力、调节情绪,增强身体免疫力。力所能及的,请积极响应有关方面的号召,有序捐款捐物,支援前线医疗服务,救助远近困难群众,随缘济众,行善积德。


我们期待,在战胜疫情的那一刻,看到一如既往、身心健康的你们;我们希望,在高原最美的春天,和你们再次相会在欢乐的校园。无论你们现在身在何处,学院始终心系你们的安全,你们的健康,就是省佛学院充满希望的明天!让我们坚定信心、同舟共济、积极抗疫、共度时艰,与全国人民一起携手并肩,共同打赢这场疫情阻击战!

祝顺青海省藏语系佛学院 2020年1月31日


【双语】青海省藏语系佛学院致全院师生的公开信

༄༅།།མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོས་དགེ་སློབ་ཡོངས་ལ་སྤྲིངས་པའི་ཡོངས་བསྒྲགས་འཕྲིན་ཡིག།མཛའ་ཞིང་བརྩེ་བའི་ཡོངས་འཛིན་དང་སློབ་གྲོགས་རྣམ་པ་ལགས། ཐོག་མར་རྣམ་པ་ལྷན་རྒྱས་ལ་ལོ་གསར་གྱི་འཚམས་འདྲི་དང་སྨོན་འདུན་ཞུ་ནས།ལོ་གསར་བའི་ནང་ཁྱེད་རྣམ་པའི་བྱ་གཞག་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞིང་། ལུས་ཕུང་བདེ་ཞིང་ཐང་ལ། བསམ་དོན་ཡིད་བཞིན་དུ་འགྲུབ་པའི་སྨོན་འདུན་ཞུ་བ་ཡིན།།སྐབས་ཐོག་འདིར་རྒྱལ་ཡོངས་ཀྱི་རྣམ་པ་གསར་བའི་གློ་ཚའི་ནད་ཡམས་ཀྱིས་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་དགེ་སློབ་ཡོངས་ཀྱི་བློ་ཁ་ཕྱོགས་དེར་དྲངས་བ་ལ།སློབ་གྲྭས་ཀྱང་དུས་དང་རྣམ་པ་ཀུན་ཏུ་ཡོངས་འཛིན་དང་སློབ་བུ་ཚོའི་ལུས་སེམས་བདེ་ཐང་ཡིད་ལ་གཅགས་ནས།ཟླ་དང་པོའི་ཚེས༢༧ཉིན་༼རྣམ་པ་གསར་བའི་ཏོག་དབྱིབས་ནད་དུག་འགོས་པའི་གློ་ཚའི་ནད་ཡམས་འགོག་པའི་ལས་དོན་ལེགས་པར་བསྒྲུབ་པའི་སྐོར་གྱི་བརྡ་སྦྱོར༽་སྤེལ་ཞིང་།སློབ་གྲྭའི་ནད་ཡམས་སྔོན་འགོག་ལས་དོན་གྱི་འགོ་ཁྲིད་ཚན་ཆུང་བཙུགས་པ་དང་། ལས་ཀའི་འགན་འཁྲི་དངོས་འབེབས་བྱས་པ་དང་། འགོག་འཛིན་གྱི་བྱེད་ཐབས་རབ་དང་རིམ་པ་བཀོད་སྒྲིག་བྱས། དེ་བཞིན་དུ་སྲིད་གཞུང་གི་འབོད་སྐུལ་ཇི་བཞིན་དང་དུ་བླངས་ནས། ནད་ཡམས་འགོས་ཁྱབ་དུ་འགྲོ་བའི་ལམ་བུ་ཚད་ཆེས་མཐོན་པོའི་སྒོ་ནས་བཀག་ཅིང་། སྟོབས་ཤུགས་གང་ཡོད་ཀྱི་སྒོ་ནས་སློབ་གྲྭའི་དགེ་སློབ་དང་ལས་བཟོ་བ་ཡོངས་ཀྱི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་ཁག་ཐེག་བྱས།མ་གཞི་དགའ་སྤྲོའི་དགོད་སྒྲའི་ཀློང་ནས་རོལ་ཆོག་ཆོག་གི་ལོ་གསར་གྱི་གནང་བའི་སྐབས་སུ་ཡོངས་འཛིན་དང་སློབ་མ་མང་བོ་ཞིག་གློ་བུར་ཏུ་བྱུང་བའི་ནད་ཡམས་འདིའི་རྐྱེན་གྱིས་ཡུན་རིང་ལ་རེ་སྒུག་བགྱིས་པའི་ལྗོངས་རྒྱུར་བསྐྱོད་མ་ཐུབ་ཅིང་། ཡིད་ནས་རྟག་ཏུ་དྲན་པའི་གཉེན་དང་གྲོགས་ལའང་ངོ་འཕྲད་མ་ཐུབ། འོན་ཏེ། དུས་རབས་རླབས་པོ་ཆེ་འདིའི་གྲས་ཀྱི་མི་བུ་ཞིག་དང་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཁོངས་ཀྱི་མི་ཞིག་ཡིན་པར་མཚོན་ན།ནད་ཡམས་འགོག་འཛིན་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་སྔར་ཞིག་ནས་ང་ཚོའི་ལྡོག་ཏུ་མི་རུང་བའི་ཐུན་མོང་གི་འགན་འཁྲི་ཞིག་ཡིན།སྔོན་གྱི་དུས་འདིའི་ནང་རང་རེའི་སློབ་གྲྭ་ཆེན་མོའི་ཡོངས་འཛིན་མང་པོ་ཞིག་དང་ཞིང་ཆེན་ནང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་གྲགས་ཆེན་མི་སྣས་རྒྱ་ཆེར་འབྲེལ་གཏུག་བྱས་ཏེ།༼ཚན་རིག་གི་སྒོ་ནས་རྣམ་གསར་ཏོག་དབྱིབས་ནད་ཡམས་སྔོན་འགོག་བྱེད་པའི་གྲོས་འདོན་ཡི་གེ་༽སྤེལ་བ་དང་། སློབ་མ་མང་བོ་ཞིག་གིས་རང་གི་དགོན་པ་ནས་༼ནང་བསྟན་འོད་སྣང་གང་སར་ཁྱབ། བྱམས་སྙིང་རྗེ་ཐུགས་ལ་སྒོམས། བུའུ་ཧན་འབད་པ་བྱོས། ཀྲུང་གོ་ཤུགས་རྒྱོབ།༽ལ་སོགས་སྨོན་ལམ་རྒྱག་པའི་བྱ་འགུལ་སྤེལ་བའམ་དེའི་ཁྲོད་དུ་ཞུགས་པ་དང་། སློབ་མ་འགའ་ཤས་ཤིག་ཡམས་འགོག་བདུག་སྤོས་དང་སྨན་ཐུམ་བཟོ་བའི་འགུལ་སྐྱོད་ཁྲོད་ཞུགས།དེ་ལས་ཀྱང་སློབ་མ་མང་པོ་ཞིག་གིས་སུན་སྣང་སྤུ་ཙམ་མེད་པར་གཉེན་ཉེ་དགའ་གྲོགས་ཚོར་ཚན་རིག་ཁྱབ་གདལ་དང་ནད་འགོག་ཤེས་བྱ་བསྒྲགས་ནས།སྤྱི་ཚོགས་བྱིངས་ལ་ནང་བསྟན་སློབ་གྲྭའི་དགེ་སློབ་ཚོས་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་འགྲོ་དྲུག་ལ་བྱམས་སྙིང་རྗེ་སྒོམ་པའི་འགན་ཁུར་འདུ་ཤེས་མཚོན་པར་བྱས་ཤིང་།བོད་བརྒྱུད་ནང་བསྟན་གྱི་རབས་གསར་བའི་གྲྭ་བཙུན་འཇོན་ཐང་ཅན་གྱི་སྣང་བརྙན་ལེགས་པོ་བསྟན།མི་སྒེར་གྱི་སྟོབས་ཤུགས་ཆུང་ནའང་།ཁྱེད་རྣམ་པས་ཡིད་ཆེས་བྱས་ཆོག་པ་ཞིག་ནི་ཁྱེད་རྣམ་པའི་འབད་བརྩོན་ཆུང་ངུ་རེ་རེ་ཚང་མ་མི་སེམས་ལ་སྐུལ་ལྕག་སྟེར་བའི་ནུས་ཤུགས་ཆེན་མོ་ཡིན་པས། ལས་ཡུལ་དང་པོ་ན་འབད་བརྩོན་གནང་བཞིན་པའི་སྨན་བཅོས་མི་སྣར་སྐུལ་ལྕག་ཐེབས་ཤིང་། ནད་དང་འཐབ་རྩོད་བྱེད་བཞིན་པའི་ནད་པ་ཚོར་རེ་བ་ཆེན་མོ་གནང་། གནས་སྐབས་འདིར། ཁྱེད་རྣམ་པ་ཚང་མ་ནད་ཡམས་ལ་རྒོལ་བའི་དཔའ་རྒོད་ཡིན་ཨང་། མཛའ་ཞིང་བརྩེ་བའི་ཡོངས་འཛིན་དང་སློབ་མ་རྣམ་པ་ལགས།ཁྱེད་རྣམ་པས་འདིའི་རྗེས་ཀྱི་གུང་གསེང་གི་དུས་ནང་མུ་མཐུད་དུ་སེམས་ཁམས་ལེགས་པར་བཅོས་ཏེ། ནད་ཡམས་ལ་བློ་གཉིས་མི་སྐྱེ་བ་དང་། སྣང་མེད་མི་བྱེད་པ། དེ་ལས་ཀྱང་ལྷོད་གཡེང་མི་ཤོར་བ་དང་། མཐོང་ཆུང་བྱ་མི་རུང་། ཁྱེད་རྣམ་པས་ནད་ཡམས་བྱུང་བའི་ས་ཁུལ་དང་རང་གི་བདེ་ཐང་ལ་སེམས་ཁུར་དང་རོགས་རམ་བྱས་པ་དེ་ཐེངས་འདིའི་ནད་ཡམས་ཀྱི་གཡུལ་ལས་རྒྱལ་ཐུབ་པར་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཡིན་པར་ང་ཚོར་ཡིད་ཆེས་ལྡན།དེ་བས།ང་ཚོས་རང་ཅག་ཚང་མས་གཤམ་གྱི་བྱ་བ་འགའ་བསྒྲུབ་ཐུབ་པར་འབོད་སྐུལ་བྱས་པ་གཤམ་གསལ་ལྟར་ཡིན་ཏེ།
སྒྲིག་ལམ་ཇེ་དྲག་ཏུ་བཏང་ནས་ཆ་འཕྲིན་དུས་ཐོག་ཏུ་སྙན་སེང་ཞུ་དགོས།སློབ་འགོ་ཚུགས་པ་ལས་བྱུང་བའི་མིའི་བགྲོད་སྐྱོད་ཀྱིས་ནད་ཡམས་འགོས་པ་ཇེ་མང་དུ་འགྲོ་བའི་ཉེན་ཁ་འབྱུང་སྲིད་པས།དེས་ནད་འགོག་ལས་དོན་ལ་ཤུགས་རྐྱེན་ངན་པ་སྟེར་བར་བསམས་ནས།སློབ་གླིང་གི་རེ་བ་ཡིན་ན།སློབ་མ་དང་སློབ་གྲྭ་ནས་ཁ་བྲལ་ཟིན་པའི་ཡོངས་འཛིན་ཚང་མ་གནས་སྐབས་སུ་སྔར་གཏན་ལ་ཕབ་པའི་སྤྱི་ཟླ༣པའི་ཚེས༡ཉིན་སློབ་གླིང་ལ་ཕེབས་པ་ལས། དེའི་ཡར་སྔོན་ལ་མི་ཕེབས་རྒྱུ་མཁྱེན།ཉེ་བའི་གཟའ་འཁོར་གཉིས་ཚུན་ནང་ཡུལ་གཞན་དུ་ལྗོངས་རྒྱུ་དང་གནས་སྡོད་ཀྱི་གནས་ཚུལ་ལྡན་པའི་དགེ་རྒན་དང་སློབ་མས་དུས་ཐོག་ཏུ་རང་གི་བཞུད་སྐྱོད་གནས་ཚུལ་སྙན་ཞུ་འབུལ་བ་དང་། སློབ་གྲྭའི་བརྡ་སྦྱོར་ལ་སྒུག་དགོས། གལ་སྲིད་ཚ་ལངས་པ་དང་། གློ་ལུད་རྒྱག་པ།དབུགས་མི་བདེ་བ།ལུས་ཐང་ཆད་པ་ལ་སོགས་པའི་གནས་ཚུལ་བྱུང་ཚེ་ཉིད་ཀྱིས་ཁ་རས་བརྒྱབ་ནས་གནས་དེ་གའི་སྨན་བཅོས་སྡེ་ཁག་གི་ཚ་རྒྱས་སྒོ་བསྟེན་སྨན་ཁང་ནས་ནད་བཅོས་བྱེད་པ་དང་།དུས་ཐོག་དང་པོར་སློབ་གྲྭར་སྙན་ཞུ་འབུལ་དགོས།གནས་དེ་གའི་ནད་ཡམས་སྔོན་འགོག་སྡེ་ཁག་ལ་རང་རྟོགས་སྒོས་མཉམ་འབྲེལ་བྱས་ཏེ།འབྲེལ་འདྲིས་ཉེ་བར་བྱས་པའི་མི་ཚོགས་རྩད་གཅོད་དང་རིམ་བཤེར་སོགས་ལས་དོན་ལེགས་པོར་བསྒྲུབ་དགོས།སློབ་འགོ་ཚུགས་ནས་སློབ་གླིང་ལ་ཕྱིར་ལོག་རྗེས་སློབ་གྲྭའི་ནད་ཡམས་སྔོན་འགོག་ལས་དོན་གྱི་བཀོད་སྒྲིག་དང་དུ་ལེན་དགོས།དམིགས་བསལ་གྱི་དུས་ནང་ཧ་ཅང་གཟིགས་སྐྱོང་བྱ་དགོས།ཡོངས་འཛིན་དང་སློབ་མ་རྣམ་པས་སློབ་དོན་ཁང་དང་སློབ་མ་དོ་དམ་ཁང་།དེ་བཞིན་དུ་རོགས་ཁྲིད་པ་སོགས་ལ་འབྲེལ་གཏུག་རྒྱུན་འཁྱོངས་བྱས་ཏེ་སློབ་གྲྭའི་འབྲེལ་ཡོད་ལས་དོན་གྱི་འགྱུར་བབ་ལ་མཉམ་འཇོག་དགོས།གལ་ཏེ་རོགས་ཁྲིད་པ་དང་སློབ་གྲྭའི་ལས་བྱེད་ཀྱིས་དུས་ཚོད་གང་རུང་དུ་ཁྱེད་ཀྱི་གནས་ཚུལ་ལ་འདྲི་རྟོག་བྱས་ཚེ་ཉིད་ཀྱིས་ཁོང་ཚོའི་ལས་དོན་ལ་རོགས་འདེགས་བྱ་དགོས་ཏེ།ཁོང་ཚོས་ཉིན་མཚན་གྱི་དབྱེ་བ་མ་ཕྱེད་པར་རང་གི་ངལ་གསོའི་དུས་ཚོད་བློས་བཏང་བ་ནི་ཁྱེད་ཅག་གི་བདེ་ཐང་སྲུང་བ་ཁོ་ནའི་ཆེད་ཡིན།
ཚན་རིག་ལ་བརྩི་སྲུང་གི་སྒོ་ནས་རིམས་ནད་འགོག་པར་གཞོགས་འདེགས་བྱ་དགོས།དགེ་སློབ་རྣམ་པས་ཚུལ་མཐུན་གྱི་སྒོ་ནས་ད་རེས་ཀྱི་རིམས་ནད་བྱུང་ཚུལ་ལ་ལྟ་སྟངས་ཡང་དག་འཛིན་པ་དང་།ནད་འགོག་འདུ་ཤེས་དང་རང་ཉིད་སྲུང་སྐྱོང་བྱེད་ནུས་ཇེ་ཆེར་གཏོང་བ།རྒྱལ་ཁབ་དང་ས་གནས་ཁག་གི་སྲིད་གཞུང་དང་དེ་བཞིན་སློབ་གྲྭའི་རིམས་འགོག་སྐོར་གྱི་གཏན་འབེབས་ལག་བསྟར་ནན་པོ་བྱེད་པར་རེ་བ་བྱེད་ཀྱིན་ཡོད།ཐེངས་འདིའི་རིམས་ནད་ཐོན་པའི་ཏོག་དབྱིབས་ནད་དུག་དེ་གཙོ་བོ་བར་ཐག་ཉེ་བའི་དབུགས་ལམ་གྱི་འཕུར་རྡུལ་དང་མི་དང་མིའི་དབར་འབྲེལ་གཏུག་སོགས་ཀྱི་ཐབས་ལམ་བརྒྱུད་དེ་འགོས་པ་ཞིག་རེད།དགུན་གནང་གི་སྐབས་སུ།ཚང་མས་སེམས་ལྷོད་མོའི་ངང་གྲྭ་ཤག་ཏུ་ངལ་གསོ་དང་།བསླབ་ལ་བརྩོན་པ།ཆོས་སྒྲུབ་པ་སོགས་བྱས་ཏེ།འདུ་ཁང་དང་སྨོན་ལམ་ཚོགས་ས་སོགས་མི་ཚོགས་འདུ་ཆེ་བའི་གནས་སུ་ཕེབས་པ་ཇེ་ཉུང་དུ་གཏོང་བ་དང་།རབ་ཡིན་ན་སྤྱི་སྤྱོད་འགྲིམ་འགྲུལ་ཡོ་བྱད་དུ་མི་སྡོད་པ་དང་།ནད་ཡམས་ཞིབ་བཤེར་མ་བྱས་པའི་ཟས་རིགས་མ་ཟས་པར་ནད་དུག་ལ་འགོས་སྐབས་གཏན་ནས་སྟེར་མི་རུང་།གེགས་སེལ་སྨོན་ལམ་བྱེད་སྒོར་ཞུགས་པའམ་ཡང་ན་ཕྱི་ལ་ངེས་པར་དུ་སྐྱོད་དགོས་དུས་རང་ཉིད་ནས་ཚད་ལྡན་གྱི་ཁ་རས་གྲ་སྒྲིག་བྱེད་དགོས་པ་མ་ཟད།ཆུ་ཚོད་4ནང་ཐེངས་རེར་བརྗེ་དགོས་པ་དང་། གྲྭ་ཤག་ཏུ་ལོག་རྗེས༼རིམ་པ་དྲུག་གི་ལག་འཁྲུད་ཐབས༽སྤྱད་དེ་ལག་པ་འཁྲུད་དགོས་པ་མ་ཟད།གདོང་ཡང་འཁྲུད་དགོས།དུས་རྒྱུན་སྒེའུ་ཁུང་ཕྱེ་ནས་ཁང་པའི་ནང་གི་མཁའ་རླུང་རྒྱུག་པ་རྒྱུན་འཁྱོངས་བྱ་དགོས། ཁ་ལུད་གང་སར་མི་འཕེན་པར།གློ་ལུ་བའམ་ཧབ་སྦྲིད་རྒྱག་སྐབས་ཤོག་བུའམ་ཕུ་ཐུང་གིས་ཁ་སྣ་འགེབ་པ་དང་། རློན་ཟས་དང་བཙོས་ཟས་ཀྱི་གཏུབ་པང་དང་གྲི་གཉིས་སོ་སོར་ཕྱེ་ནས་འཇོག་པ་དང་། ཤ་རིགས་དང་སྒོ་ངའི་རིགས་ཡོངས་སུ་ཚོས་དགོས། འགོག་སྲུང་མེད་པའི་གནས་ཚུལ་འོག་ཏུ་རི་སྐྱེས་སྲོག་ཆགས་དང་སྒོ་ཕྱུགས་ཁྱིམ་བྱ་སོགས་ལ་རེག་པར་འཛེམ་དགོས།
སེམས་ཁམས་རྒྱུན་ལྡན་དུ་གནས་ནས་།རིམས་ནད་ལ་རྣམ་དཔྱོད་ཀྱི་སྒོ་ནས་ཁ་གཏད་འཇལ་བ།རིམས་ནད་ཀྱི་བྱུང་ཚུལ་ཛ་དྲག་ཆེ་རུང་།ང་ཚོས་ཏང་ཀྲུང་དབྱང་གི་འགོ་ཁྲིད་སྟོབས་ལྡན་འོག་ཡིད་ཆེས་བརྟན་པོ་བཅངས་ནས་རྣམ་གསར་ཏོག་དབྱིབས་གློ་ཚད་ཀྱི་རིམས་ནད་གང་སར་ཁྱབ་པར་ཚོད་འཛིན་ཐུབ་ནས།གཡུལ་འགྱེད་འདིར་རྒྱལ་ཁ་འཐོབ་པར་ཡིད་ཆེས་ཡོད།།མིག་སྔར་སྤྱི་ཚོགས་ཀྱི་འབྲེལ་གཏུག་སྨྱན་སྦྱོར་ལས་སྟེགས་ཐོག་ཆ་འཕྲིན་སྣ་ཚོགས་ཡོད་པས།རྒྱལ་ཁབ་ཀྱི་དབང་གྲགས་སྡེ་ཁག་གིས་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པའི་ཆ་འཕྲིན་ངོ་མ་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ལ་རང་རྟོགས་ངང་དོ་ཁུར་བྱེད་པ་དང་།དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་།དཀྲོག་གཏམ་མི་འབྲི་བ།དཀྲོག་གཏམ་མི་བཟོ་བ་བཅས་བྱས་ནས་སྤྱི་ཚོགས་ཀྱི་སྒྲིག་ལམ་རང་རྟོགས་ངང་སྲུང་སྐྱོང་བྱེད་དགོས།གལ་ཏེ་ས་གནས་དེའི་རིམས་ནད་སྔོན་འགོག་སྡེ་ཁག་གིས་ཁྱེད་ལ་ཉིད་ནི་འབྲེལ་འདྲིས་དམ་པོ་བྱེད་མཁན་རེད་ཅེས་བཤད་ན།འཇིགས་སྐྲག་མི་སྐྱེས་པར་རང་འགུལ་གྱིས་རང་ཉིད་བཀག་ནས།གསོ་རིག་གི་ལྟ་རྟོག་ལ་ཧུར་ཐག་གིས་གཞོགས་འདེགས་བྱས་ཏེ།དུས་བཅད་ལྟར་བརྟག་དཔྱད་དང་ལེན་བྱེད་དགོས།
དུས་ཚིགས་བཟང་བོ་ཆུད་ཟོས་སུ་མི་གཏོང་བར་གུང་གསེང་སྐྱིད་པོ་ཞིག་རོལ་དགོས།ཕྱི་ལ་འགྲོ་བ་ཇེ་ཉུང་དང་རང་ཉིད་གཅིག་ཏུ་བཀར་རྒྱུ་ནི་མིག་སྔར་ང་ཚོས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་སྒྲུབ་ཐུབ་པའི་ཆེས་གལ་ཆེ་བའི་བྱ་བ་ཞིག་ཡིན།དམིགས་བསལ་གྱི་དུས་ཚོད་འདིའི་ནང་ང་ཚོས་ཉེ་འཁོར་གྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་རིམས་ནད་ཀྱི་འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་དང་བླང་བྱའི་སློབ་གསོ་དྲིལ་བསྒྲགས་མང་ཙམ་བྱས་ནས་གཉེན་ཉེ་དང་གྲོགས་པོ་ཚོ་ལོ་གསར་དུ་འགྲོ་བ་དང་དེ་ག་གིས་ཟས་སྟོན་དང་འདུ་འཛོམས་ཀྱི་བྱེད་སྒོ་སྤེལ་བ་འགོག་དགོས།ང་ཚོས་ཁེར་འདུག་དུས་ཚོད་དེ་བས་མང་བ་སྤྱད་དེ་གསུང་རབ་ལ་བརྩོན་པས་འཇུག་པ་དང་།བློ་རྩེ་གཅིག་སྒྲིམ་གྱིས་བློ་སྦྱོང་བ།སྔར་བྱས་ལ་རང་བརྟག་བྱེད་པ།རང་ཉིད་ཀྱི་བྱང་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་ལོ་རྗེས་མའི་བསླབ་ཚན་ལ་འབད་བརྩོན་བྱ་ཆེད་གྲ་སྒྲིག་ཡག་པོ་བྱེད་དགོས་པ་མ་ཟད།ད་དུང་རོལ་རྩེད་དང་ལུས་རྩལ་བྱེད་སྒོ་འོས་འཚམ་སྤེལ་ནས་གནོན་ཤུགས་ཉུང་ཕྲི་དང་སེམས་ཁམས་ལེགས་བཅོས་བྱས་ཏེ་ལུས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས། གཞན་ཡང་།འབྲེལ་ཡོད་ཕྱོགས་ཀྱི་འབོད་སྐུལ་རང་ནུས་ཅི་ལྕོགས་ཀྱི་སྒོ་ནས་དང་ལེན་ཡང་དག་བྱས་ཏེ།གོ་རིམ་ལྡན་པའི་ངང་དངོས་ཟོག་དང་དངུལ་གྱི་ཞལ་འདེབས་འབུལ་བ་དང་།ཡུལ་དངོས་ཀྱི་སྨན་བཅོས་ཞབས་ཞུར་རོགས་སྐྱོར་བྱེད་པ།ཐག་ཉེ་རིང་གི་དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་བྱེད་པ།དམངས་ལ་སྲི་ཞུ་སྒྲུབ་པ་དང་དགེ་སྒྲུབ་ཚོགས་བསགས་གནང་དགོས།
ང་ཚོས་རིམས་ནད་ལས་རྣམ་པར་རྒྱལ་བའི་དུས་དེར།སྔོན་ཆད་དང་ཀུན་ནས་འདྲ་བར་ལུས་སེམས་བདེ་ཐང་ཡིན་པའི་ཁྱོད་ཚོ་མཐོང་བར་རེ་སྒུག་བྱེད་བཞིན་ཡོད།ང་ཚོས་ས་མཐོའི་ཆེས་མཛེས་ཤོས་ཀྱི་དཔྱིད་ཀར་སྤྲོ་དགས་ཁེངས་པའི་སློབ་གྲྭར་ཁྱེད་རྣམ་པར་ཡང་བསྐྱར་འཕྲད་པར་རེ་སྨོན་བྱེད་བཞིན་མཆིས།ཁྱེད་ཚོ་ད་ལྟ་གང་དུ་ཡོད་ཀྱང་རུང་།སློབ་གླིང་གིས་དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཚོའི་བདེ་འཇགས་ལ་སེམས་ཁུར་བྱེད་བཞིན་ཡོད།ཁྱེད་ཚོའི་བདེ་ཐང་ནི་མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོར་རེ་བས་ཁེངས་པའི་འབྱུང་འགྱུར་ཡིན།ང་ཚོས་ཡིད་ཆེས་བརྟན་པོ་དང་།ཕྱར་བ་གྲུ་འདེགས།ནད་ཡམས་སྔོན་འགོག།དུས་ངན་མཉམ་རོལ་བཅས་ཀྱིས་རྒྱལ་ཡོངས་མི་དམངས་དང་དཔུང་བ་གཅིག་ཏུ་སྦྲེལ་ཏེ་མཉམ་དུ་རིམས་འགོག་གི་གཡུལ་འཁྲུག་ལས་རྣམ་པར་རྒྱལ་བར་བྱ་དགོས།སྨོན་འདུན་གཙང་མ་དང་བཅས།
མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་ནས།༢༠༢༠ལོའི་ཟླ༡པོའི་ཚེས༣༡ཉིན།

【双语】青海省藏语系佛学院致全院师生的公开信


分享到:


相關文章: