【双语】青海省藏语系佛学院经师悟嘉活佛为武汉疫情防控捐款

连日来,疫情时刻牵动全国各族同胞的心。2月6日下午,青海省藏语系佛学院经师悟嘉活佛来到省红十字会向武汉疫情防控捐赠善款50520元(武汉我爱你),用于湖北武汉疫情防控。

བསྟུད་མར་ཉིན་འགའི་རིང་དང་། རིམས་ནད་བྱུང་བའི་སྐབས་སུ་རྒྱལ་ཡོངས་ཀྱི་རིགས་སོ་སོའི་སྤུན་ཟླ་ཡོངས་ཀྱི་སེམས་པ་གཅིག་ལ་འཁོར་ཡོད། སྤྱི་ཟླ༢པའི་ཚེས༦ཉིན་གྱི་ཕྱི་དྲོར། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན༧སྐུ་ཕྱོགས་ཨོའུ་རྒྱ་ཚང་མཚོ་སྔོན་རྒྱ་གྲམ་དམར་པོ་ཚོགས་པར་ཕེབས་ཏེ། བུའུ་ཧན་ས་ཆའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཐད་ལ་སྒོར༥༠༥༢༠ཕུལ་ཞིང་། དེ་ཧུའུ་པེ་བུའུ་ཧན་ས་ཆའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་བའི་ཐད་ལ་བཀོལ་རྒྱུ་རེད།


悟嘉仓说,抗击疫情、救治病患需要全社会和衷共济、各族同胞风雨同舟,为国家和人民奉献自己的力量是我们的社会责任,在关键时刻我们要团结社会各界形成合力为战胜疫情贡献力量。并祈愿:所有病患康复得解脱!众人远离疾病具长寿!欢乐祥瑞强力具加持!世界回归太平国康泰!

སྐུ་ཕྱོགས་ཨོའུ་རྒྱ་ཚང་གིས་གསུང་རྒྱུར། རིམས་ནད་སྔོན་འགོག་དང་ནད་གཞི་བཅོས་སྐྱོང་ཐད་ལ་སྤྱི་ཚོགས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་ཀྱི་ཚུལ་དུ་གཅིག་གྲོགས་གཅིག་གིས་བྱེད་པ་དང་། རིགས་སོ་སོའི་སྤུན་ཟླ་ཡོངས་ཀྱིས་སྐྱིད་སྡུག་མཉམ་མྱོང་བྱས་ཏེ། རྒྱལ་ཁབ་དང་མི་དམངས་ལ་རང་ནུས་ཀྱིས་སྟོབས་ཤུགས་འབུལ་རྒྱུ་ནི་ང་ཚོའི་སྤྱི་ཚོགས་ཀྱི་འགན་ཁུར་དེ་ཡིན། གནད་འགག་གི་དུས་སྐབས་སུ། ང་ཚོས་སྤྱི་ཚོགས་ལས་རིགས་སོ་སོར་མཐུན་སྒྲིལ་སྒོས་སྟོབས་ཤུགས་གཅིག་སྒྲིལ་ཡོང་བར་བྱས་ཏེ། རིམས་ནད་ལས་རྣམ་པར་རྒྱལ་བར་སྟོབས་ཤུགས་འབུལ་དགོས་ཞེས་གསུངས་པར་མ་ཟད། ཁོང་གིས།

ནད་པ་གང་དག་ནད་ལས་ཐར་གྱུར་ཅིག །

ཀུན་ཀྱང་ནད་མེད་ཚེ་རིང་ལྡན་པར་ཤོག།

བདེ་དགའ་དཔལ་དང་འབྱོར་བ་སྟོབས་རྒྱས་ཏེ།།

འཇིག་རྟེན་བདེ་ཞིང་རྒྱལ་ཁམས་སྐྱིད་པར་སྨོན།། ཞེས་སྨོན་འདུན་ཞུས།


【双语】青海省藏语系佛学院经师悟嘉活佛为武汉疫情防控捐款

省红十字会、省佛教协会、省藏语系佛学院有关同志参加捐赠仪式,省红十字会向悟嘉活佛颁发了捐赠证书和感谢信。

ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་དང་། ཞིང་ཆེན་ནང་བསྟན་མཐུན་ཚོགས། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོ་བཅས་ཀྱི་འབྲེལ་ཡོད་བློ་མཐུན་ཞལ་འདེབས་འབུལ་བའི་མཛད་སྒོར་ཞུགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས༧སྐུ་ཕྱོགས་ཨོའུ་རྒྱ་ཚང་ལ་དཔང་ཡིག་དང་བཀའ་དྲིན་ཞུ་ཡིག་ཕུལ།


【双语】青海省藏语系佛学院经师悟嘉活佛为武汉疫情防控捐款

在全国上下奋力抗击新型冠状病毒感染肺炎疫情之时,青海省藏语系佛学院经师、学僧积极响应党和政府的号召,通过微信编发防控知识,参与捐款、祈福等系列活动,积极发挥经师、学僧的作用,向社会表达了佛学院师生报效祖国、慈悲众生的责任感,展现了佛教界“无缘大慈,同体大悲”“寻声救苦,慈悲济世”的精神,也展现了藏传佛教新一代僧才的良好形象。

རྒྱལ་ཁབ་གོང་འོག་ཚང་མས་ཏོག་དབྱིབས་ནད་དུག་གསར་བའི་གློ་ཚད་ཀྱི་རིམས་ནད་སྔོན་འགོག་བྱེད་པར་འབད་བཞིན་པའི་སྐབས་སུ། མཚོ་སྔོན་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན་དང་། སློབ་མ་ཡོངས་ཀྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ཏེ། སྐད་འཕྲིན་བརྒྱུད་ནས་རིམས་ནད་སྔོན་འགོག་ཐད་ཀྱི་ཤེས་བྱ་རྩོམ་སྒྲིག་བརྒྱུད་སྤེལ་བྱས་པར་མ་ཟད། ཞལ་འདེབས་འབུལ་བ་དང་སྐྱབས་འཇུག་སྨོན་འདུན་ཞུ་བའི་བྱ་འགུལ་རབ་དང་རིམ་པར་ཞུགས་ཏེ། ཡོངས་འཛིན་དང་སློབ་མའི་ནུས་པ་འདོན་སྤེལ་གང་ལེགས་སྒོས། སྤྱི་ཚོགས་ཡོངས་ལ་ནང་བསྟན་སློབ་གྲྭ་ཆེན་མོའི་ཡོངས་འཛིན་དང་སློབ་མའི་རྒྱལ་ཁབ་ལ་དྲིན་གཟོ་དང་། སེམས་ཅན་ལ་བྱམས་སྙིང་རྗེ་སྒོམ་པའི་འགན་འཁྲིའི་འདུ་ཤེས་མངོན་པར་བྱས་ཤིང་། ནང་བསྟན་པའི་སྡེ་ཡི་དམིགས་མེད་ཀྱི་བྱམས་པ་དང་གཞན་ཕན་གྱི་བརྩེ་བ། རྒུད་སྐྱོབ་ཀྱི་འབོད་སྐུལ་ལ་བརྟེན་ནས་སེམས་ཅན་ལ་ཕན་བདེ་བསྐྲུན་པའི་སྙིང་སྟོབས་མངོན་པར་མ་ཟད། བོད་བརྒྱུད་ནང་བསྟན་པའི་གསར་བྱོན་གྲྭ་བཙུན་འཇོན་ཐང་ཅན་གྱི་སྣང་བརྙན་ལེགས་པོ་ཡང་མངོན་ཡོད།



分享到:


相關文章: