05.16 佛教各教派和合祈祷颂 ཡུལ་དམ་པ་རྣམས་ལ་གསོལ་འདེབས།

佛教各教派和合祈祷颂 ཡུལ་དམ་པ་རྣམས་ལ་གསོལ་འདེབས།

◆ ◆

佛教各教派和合祈祷颂 ཡུལ་དམ་པ་རྣམས་ལ་གསོལ་འདེབས།

佛教各教派和合祈祷颂

享誉白莲举世无双佛,所传显密法宝奉行者,

印藏汉地以及遍全球,正信持教之众我祈祷。

博学得成就者众译师,所译显密经及三内续,

尤其独特奉行大圆满,旧密法脉宁玛我祈祷。

大成就士那若弥支巴,秘传诸法尤其大手印,

实践近传加持法脉系,救世噶举诸派我祈祷。

世主布瓦心髓诸密法,法脉总体尤其道果法,

践行教修双轨行弘扬,号称萨迦巴者我祈祷。

继承弘扬尊者阿底峡,菩提道次显密诸法义,

遵照文殊心主教诫者,世称格鲁巴者我祈祷。

奉行第三法轮诸经义,主修时轮精研如来藏,

行持修炼金刚瑜伽行,尊称觉囊巴者我祈祷。

吉祥香巴断欲寂灭修,近事修等修习密教者,

藏地所有法系无分别,平等行持诸教我祈祷。

所愿祈祷产生加持力,消除教派偏见互尊敬,

教众团结社会得安定,佛教住世流行永吉祥。

此祈祷词由宁玛派高僧居米庞仁波切作,此善回向:佛教内部团结和合,法王深广心愿得以实现。 多 识翻译

佛教各教派和合祈祷颂 ཡུལ་དམ་པ་རྣམས་ལ་གསོལ་འདེབས།

ཡུལ་དམ་པ་རྣམསལ་གསོལ་བ་འདེབས་པ་རིས་མེད་དད་པའི་ལྷ་ལམ་ཞེས་བྱ་བ།

ཨེ་མ་པད་དཀར་ལྟར་བསྔགས་མཚུངས་མེད་སྟོན་པ་དེའི། །མདོ་སྔགས་བསྟན་པ་རིན་ཆེན་རྗེས་ཞུགས་པ། །འཕགས་བོད་རྒྱ་ནག་ཕྱི་གླིང་ལ་སོགས་ཀྱི། །བསྟན་འཛིན་དམ་པ་རྣམས་ལ་གསོལ་བ་འདེབས། །མཁས་ཤིང་གྲུབ་བརྙེས་ལོ་པཎ་རིམ་བྱོན་གྱིས། །ལེགས་བསྒྱུར་མདོ་སྔགས་སྤྱི་དང་ནང་རྒྱུད་གསུམ། །ཁྱད་པར་རྫོགས་པ་ཆེན་པོའི་སྲོལ་འཛིན་པ། །གསང་སྔགས་རྙིང་མ་བ་ལ་གསོལ་བ་འདེབས། །གྲུབ་ཆེན་ནཱ་རོ་བ་དང་མེ་ཏྲི་བའི། །གདམས་ཟབ་སྐོར་དང་ཁྱད་པར་ཕྱག་ཆེན་གྱི། །ཉམས་ལེན་བྱིན་རླབས་བརྒྱུད་པ་གཙོར་འདོན་པ། །འགྲོ་མགོན་བཀའ་བརྒྱུད་པ་ལ་གསོལ་བ་འདེབས། །མགོན་པོ་པིར་ཝ་བ་ཡི་ཐུགས་བཅུད་ཆོས། །གདམས་སྐོར་སྤྱི་དང་ཁྱད་པར་ལམ་འབྲས་ཀྱི། །བཤད་དང་སྒྲུབ་པའི་བསྟན་པ་གསལ་མཛད་པ། །དཔལ་ལྡན་ས་སྐྱ་བ་ལ་གསོལ་བ་འདེབས། །དཔལ་ལྡན་ཨ་ཏི་ཤ་ཡི་ལམ་རིམ་ལ། །ཉམས་ལེན་གཙོར་མཛད་མདོ་སྔགས་ལམ་གྱི་གནད། །འཇམ་དཔལ་སྙིང་བོའི་རིང་ལུགས་གཙོར་འཛིན་པ། །རི་བོ་དགེ་ལྡན་པ་ལ་གསོལ་བ་འདེབས། །འཁོར་ལ་ཐ་མའི་མདོ་དང་དུས་འཁོར་གྱི། །དགོངས་དོན་གཙོར་བཟུང་བདེ་གཤེགས་སྙིང་བོ་ཡི། །དོན་ལ་ངེས་རྙེད་རྡོ་རྗེ་རྣལ་འབྱོར་ཅན། །རྗེ་བཙུན་ཇོ་ནང་བ་ལ་གསོལ་བ་འདེབས། །དཔལ་ལྡན་ཤངས་པ་གཅོད་ཡུལ་ཞི་བྱེད་དང་། །བསྙེན་སྒྲུབ་ལ་སོགས་ཟབ་མོའི་གདམས་པའི་སྐོར། །གངས་ཅན་འདི་ན་ཇི་སྙེད་མཆིས་པ་ཡི། །རིས་བྲལ་བསྟན་འཛིན་རྣམས་ལ་གསོལ་བ་འདེབས། །དེ་ལྟར་གསོལ་བ་བཏབ་པས་བྱིན་རླབས་ཀྱིས། །ཕྱོགས་ལྷུང་ཞི་ཞིང་ཕྱོགས་མེད་མོས་གུས་འབར། །བསྟན་འཛིན་ཚོགས་རྣམས་ཐུགས་མཐུན་རྒྱལ་ཁམས་བདེ། །བསྟན་པ་ཡུན་རིང་རྒྱས་པའི་བཀྲ་ཤིས་ཤོག །

ཞེས་པ་འདི་འཇུ་མི་ཕམ་པས་བྲིས། འདི་ཡིས་དགེ་བས་རྒྱལ་བསྟན་ནང་མཐུན་ཞིང་། ། རྒྱལ་དབང་མཆོག་གི་དགོངས་ཟབ་འགྲུབ་གྱུར་ཅིག །

分享智慧,福运常伴您!

佛教各教派和合祈祷颂 ཡུལ་དམ་པ་རྣམས་ལ་གསོལ་འདེབས།


分享到:


相關文章: