林芝桃花節,我們明年再約


林芝桃花節,我們明年再約

ཉིང་ཁྲིའི་ཁམ་བུའི་མེ་ཏོག་བཞད་ཁ་ཕྱེ་འགོ་ཚུགས་ཡོད།དེ་རིང་ལྷན་རྒྱས་ལ་༢༠༢༠ལོའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུན་ཆེན་གྱི་ཆ་འཕྲིན་ངོ་སྤྲོད་ཞུ་རྒྱུ་ཡིན།

林芝的桃花已逐漸盛開,今天小編為大家帶來一個關於2020年林芝桃花旅遊文化節的消息

↓↓

མཛའ་བརྩེའི་དྲན་སྐུལ།


གུས་ཤིང་བརྩེ་བའི་ཡུལ་སྐོར་བ་དང་སྨྱན་སྦྱོར་ལས་རིགས་ཀྱི་གྲོགས་པོ་ཚོ།

ནུས་ཤུགས་ཡོད་རྒུས་ཏོག་གསར་གློ་ཚད་རིམས་ནད་འགོག་འཛིན་ལས་དོན་ལེགས་སྒྲུབ་བྱ་ཆེད་དང་མི་ཚོགས་འདུས་ནས་འགོ་ནད་ཀྱི་ཉེན་ཁ་མི་ཐོན་པ་བྱས་ཏེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་ལེན་གང་ཐུབ་བྱ་ཆེད་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་ནད་འགོག་བཅོས་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།ཞིབ་འཇུག་བྱས་པ་བརྒྱུད་2020ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་རིག་རྩལ་འཁྲབ་སྟོན་དང་འབྲེལ་ཡོད་བྱེད་སྒོ་མི་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད།

རྒྱ་ཆེའི་ཡུལ་སྐོར་བ་དང་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་གྲོགས་པོ་རྣམ་པས་དུས་ཡུན་རིང་པོའི་ནང་ཉིང་ཁྲིའི་ཡུལ་སྐོར་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཏོག་གསར་གློ་ཚད་རིམས་ནད་མཇུག་འགྲིལ་རྗེས་ལྷན་རྒྱས་བོད་ལྗོངས་ཉིང་ཁྲིར་ཡུལ་སྐོར་སྤྲོ་འཆམ་དང་རྟོག་ཞིབ་མཛུབ་ཁྲིད་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ།

བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས།

2020ལོའི་ཟླ་3ཚེས་9ཉིན།

林芝桃花節,我們明年再約

ཀུན་གྱིས་ཤེས་གསལ་ལྟར།ཁམ་བུའི་མེ་ཏོག་ནི་ཉིང་ཁྲིའི་ཡུལ་སྐོར་གྱི་མིང་བྱང་ཡག་ཤོས་དེ་ཡིན་ཞིང་།གྲོགས་པོ་མང་པོ་ཞིག་བོད་དུ་གཏན་ནས་ཡོང་མྱོང་མེད་ཀྱང་རབ་ཏུ་མཚར་བའི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་བལྟ་འདོད་ཀྱི་ཡིད་སྨོན་ཆེན་པོ་བྱེད་ཀྱི་ཡོད།

眾所周知,桃花是林芝最美的旅遊名片,很多朋友可能從未涉足西藏,但對林芝的夭夭桃花早已心生嚮往。


林芝桃花節,我們明年再約


ལོ་རེའི་ཟླ་བ་གསུམ་པ་ནས་བཞི་པའི་བར།ཁམ་བུའི་མེ་ཏོག་ཡུག་གཅིག་ཏུ་བཞད་ཅིང་།གངས་རི་དང་མཚོ་མཚེའུ་ཡི་ཡུལ་ལྗོངས་ཉམས་དགའ་བ་སོགས་ཀྱིས་མི་རྣམས་ཀྱིས་ཡིད་དབང་འཕྲོག་པར་བྱེད།ཡང་སྒོས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་ནི་ཁྱད་ཆོས་དེ་དག་ལ་བརྟེན་ནས་བཟོས་པ་ཞིག་རེད།

每年三、四月,粉桃花開成片、洋洋灑灑,與雪山碧湖花容相映、令人沉醉,而林芝桃花旅遊文化節,正是應此良辰美景而設。


འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཐོག་གི་རིག་རྩལ་འཁྲབ་སྟོན་སོགས་བྱེད་སྒོ་མི་སྤེལ་རྒྱུའི་གཏན་འབེབས་བྱས་ཡོད་མོད།འོན་ཀྱང་གྲོགས་པོ་ཚོ་བློ་ཕམ་སྐྱེ་དགོས་དོན་མེད།གང་ལགས་ཤེ་ན།ཉིང་ཁྲིའི་ཁམ་བུའི་མེ་ཏོག་སྔར་བཞིན་ལྷུག་པོར་བཞད་ཡོད་པས་རིམས་ནད་ཡལ་རྗེས་བདེ་འཇགས་གཏན་འཁེལ་གྱི་གནས་ཚུལ་འོག་སླར་ཡང་ཉིང་ཁྲིར་ཕེབས་ཏེ་དེ་གའི་མཛེས་ལྗོངས་ཉམས་སུ་མྱོང་ཆོག

雖然今年桃花節的開幕式文藝演出等活動已決定取消,但朋友們也不必失落,因為林芝桃花依然在盛放,只待疫情解除,在確定安全的情況下我們再相約林芝,共賞美景。


林芝桃花節,我們明年再約


分享到:


相關文章: